ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་བཞི་བ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས25ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་བཞི་བ་བསྡུས།

ལིའུ་ཉིང་གིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་།

གྲོས་ཚོགས་ལ་བསྡོམས་པས་གྲོས་རིམ་དྲུག་ཡོད་དེ། གཅིག འདེམ་ཤོག་སྤྱིའི་ལྟ་ཞིབ་པའི་སྐབས་བཅུ་གསུམ་པའི་ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྲ་སྒྲིག་འདེམས་བསྐོ་སྐོར་གྱི་སྙན་ཞུ་ལ་ཉན་པ། གཉིས། སྐབས་བཅུ་གསུམ་པའི་ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་འདེམས་སྒུག་པའི་མིང་ཐོ་ལ་གྲོས་འཆམ་བྱུང་བ། གསུམ། སྐབས་བཅུ་གསུམ་པའི་ཞིང་ཆེན་ཏང་ཨུའི་རྗེས་སྣོན་ཨུ་ཡོན་གྲ་སྒྲིག་འདེམས་བསྐོའི་འདེམས་སྒུག་མི་སྣའི་མིང་ཐོ་ལ་གྲོས་འཆམ་བྱུང་བ་། བཞི། མཚོ་སྔོན་གྱི་ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་བར་ཞུགས་པའི་འཐུས་མིའི་གྲ་སྒྲིག་འདེམས་བསྐོའི་འདེམས་སྒུག་མི་སྣའི་མིང་ཐོ་ལ་གྲོས་འཆམ་བྱུང་བ། ལྔ། སྐབས་བཅུ་གཉིས་འི་ཞིང་ཆེན་ཏང་ཨུའི་སྙན་ཞུ་སྐོར་གྱི་གྲོས་ཆོད(འཆར་ཟིན)ལ་གྲོས་འཆམ་བྱུང་བ། དྲུག སྐབས་བཅུ་གཉིས་པའི་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད(འཆར་ཟིན)ལ་གྲོས་འཆམ་བྱུང་བ་བཅས་ཡིན།

གྲོས་ཚོགས་ཀྱིས་ལག་པ་བཀྱགས་ནས་གྲོས་ཐག་གཅོད་པའི་བྱེད་ཐབས་ལ་བརྟེན་ནས་སྐབས་བཅུ་གསུམ་པའི་ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འདེམས་སྒུག་མི་སྣའི་མི་སྣའི་མིང་ཐོ་ལ་གྲོས་འཆམ་བྱུང་བ་དང་། སྐབས་བཅུ་གསུམ་པའི་ཞིང་ཆེན་ཏང་ཨུའི་རྗེས་སྣོན་ཨུ་ཡོན་གྱི་གྲ་སྒྲིག་འདེམས་བསྐོའི་འདེམས་སྒུག་མི་སྣའི་མིང་ཐོ་དང་མཚོ་སྔོན་གྱི་ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་བར་ཞུགས་པའི་གྲ་སྒྲིག་འདེམས་བསྐོའི་འདེམས་སྒུག་མི་སྣའི་མིང་ཐོ་ལ་གྲོས་འཆམ་བྱུང་། སྐབས་བཅུ་གཉིས་པའི་ཞིང་ཆེན་ཏང་ཨུའི་སྙན་ཞུ་སྐོར་གྱི་གྲོས་ཆོད(འཆར་ཟིན)དང་སྐབས་བཅུ་གཉིས་པའི་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོས(འཆར་ཟིན)ལ་གྲོས་འཆམ་བྱུང་།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།