མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས25ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཚོགས།

 ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལིའུ་ཉིང་གིས་ཚོགས་འདུར་གཙོ་སྐྱོང་གནང་བ་རེད།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝང་གོ་ཧྲེང་དང་། ཝང་ཅན་ཅུན། ཀྲང་ཀོང་རུང་། ཝང་ཞའོ་ཡུང་། ཝང་ཞའོ། མགོན་པོ་བཀྲ་ཤིས། ཐིན་ཅ་ཚའེ༎ ཀྲང་ཞི་མིན། ཝང་ཡུས་པའོ། ཧུའུ་ཁྲང་ཧྲེང་། ཝང་ཡུས་ཡན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།

ཚོགས་ཆེན་ལ་ཞུགས་དགོས་པའི་འཐུས་མི437དང་དངོས་སུ་འབྱོར་བའི་འཐུས་མི435ཡོད་ལ། ཁྲིམས་ཀྱིས་གཏན་འབེབས་བྱས་པའི་མི་གྲངས་དང་མཐུན། 

ཚོགས་འདུའི་གློག་རྡུལ་གྱི་འདེམ་ཐག་གཅོད་པའི་ཐབས་སྤྱད་དེ་ཚོགས་ཆེན་གྱི《འདེམས་བསྐོ་བྱེད་ཐབས》 (འཆར་ཟིན)ལ་གྲོས་འཆམ་བྱུང་བ་དང་། ཚན་ཁག་དབྱེ་ནས་གྲ་སྒྲིག་འདེམས་བསྐོ་དང་ཚོགས་ཆེན་གྱི་འདེམས་བསྐོའི་འདེམས་ཤོག་སྤྱིའི་ལྟ་ཞིབ་པ། འདེམས་ཤོག་ལྟ་ཞིབ་པའི་མིང་ཐོ་བཅས་ལ་གྲོས་འཆམ་བྱུང་། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།