མཚོ་སྔོན་ཞིང་ཆེན་གྱི་ཆེད་མཁས་པ་ཉེར་བརྒྱད་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་སྲིད་གཞུང་གི་དམིགས་བསལ་ཞོར་ཕོགས་ལོངས་སྤྱོད་བྱེད་ཐུབ་པ་བྱུང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་སྔོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་ཐོབ་པ་བརྒྱུད་དེ། མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་ཤེས་ལྡན་མི་སྣ་ཉེར་བརྒྱད་ཀྱིས2016ལོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་སྲིད་གཞུང་གི་དམིགས་བསལ་ཞོར་ཕོགས་ལོངས་སྤྱོད་བྱེད་ཐུབ་པ་བྱུང་།

2016ལོར། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་དམངས་གཙོ་ངོ་སྤྲོད་གོ་རིམ་བརྒྱུད་དེ། བསྡོམས་པས་འདེམས་སྒུག་མི་སྣ་དོན་གཉིས་ཀྱི་ངོ་སྤྲོད་ཡིག་ཆ་འབྱོར་བ་དང་། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་གསལ་སྒྲོག་དང་དྲང་གཞག འདྲ་མཉམ། ལེགས་འདེམས་ཀྱི་རྩ་དོན་ལྟར་དུ། ཆེད་མཁས་པའི་གྲོས་ཞིབ་ཚན་ཆུང་རྩ་འཛུགས་བྱས་ནས་གྲོས་ཞིབ་ནན་མོ་བྱས་པ་དང་། ཞིང་ཆེན་སྲིད་གཞུང་ལ་ཡར་ཞུ་བྱས་ཏེ་་ཞིབ་འཇུག་བྱས་མཐར། མཐོ་རིམ་ཤེས་ལྡན་མི་སྣ་ཉེར་དྲུག་དང་རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣ་གཉིས་རྒྱལ་ཁབ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ལ་ངོ་སྤྲོད་བྱས་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་ཐོབ།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་ཆེད་ལས་ལག་རྩལ་ཐད་ཀྱི་ཤེས་ལྡན་མི་སྣ་དང་ལྷག་པར་དུ་མཐོ་རིམ་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་ཤུགས་བསྣན་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་སྲིད་གཞུང་གི་དམིགས་བསལ་ཞོར་ཕོགས་ལོངས་སྤྱོད་བྱེད་པའི་ཆེད་མཁས་པ་དང་། རྒྱལ་ཁབ་ཀྱི་ཤེས་ལྡན་མི་སྣ་ཁྲི་ཕྲག་བཟོ་སྐྲུན་གྱི་འོས་མི། མཚོ་སྔོན་ཞིང་ཆེན་ཕུལ་བྱུང་ཆེད་མཁས་པ། མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་ཆེད་ལས་ལག་རྩལ་མི་སྣའི་འདེམས་བསྐོ་དཔྱད་འདེམ་བྱ་འགུལ་བཅས་སྤེལ་ནས། སྤྱོད་ཡོན་གཉིས་ལྡན་གྱི་མཐོ་རིམ་ཤེས་ལྡན་མི་སྣ་སྐོར་ཞིག་བདམས་ཐོན་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཤེས་ལྡན་མི་སྣ་དང་རིག་སྟོབས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱས། མིག་སྔར། ཞིང་ཆེན་ཡོངས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དང་སྲིད་གཞུང་གི་དམིགས་བསལ་ཞོར་ཕོགས་ལོངས་སྤྱོད་བྱེད་པའི་ཆེད་མཁས་པ་དྲུག་བརྒྱ་དང་སོ་བཞི་ཡོད་པ་དང་། དུས་རབས་གསར་བའི་ཤེས་ལྡན་མི་ཁྲི་ཕྲག་བཟོ་སྐྲུན་གྱི་རྒྱལ་རིམ་པའི་འོས་མི་བཅུ་བདུན། མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་ཆེད་མཁས་པ་ཉིས་བརྒྱ་དང་གྱ་ལྔ། མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་ཆེད་ལས་ལག་རྩལ་མི་སྣ་ལྔ་བརྒྱ་དང་ཉེར་བརྒྱད་ཡོད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།