ཀན་ལྷོ་ཁུལ་འཛམ་གླིང་སྐྱེད་ཚལ་སྒྱུ་རྩལ་དངོས་མང་བཤམས་སྟོན་ཚོགས་འདུའི་“ཀན་སུའུ་ཞིང་ཆེན་ཉིན་མོའི”བྱ་འགུལ་ལ་སྤྲོ་སེམས་ངང་ཞུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། པེ་ཅིན་འཛམ་གླིང་སྐྱེད་ཚལ་སྒྱུ་རྩལ་དངོས་མང་བཤམས་སྟོན་ཚོགས་འདུའི་བྱ་འགུལ་ཆེས་མཇུག་མཐའི་ཉིན་དེ་ཡིན་ལ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འཛམ་གླིང་སྐྱེད་ཚལ་སྒྱུ་རྩལ་དངོས་མང་བཤམས་སྟོན་ཚོགས་འདུར་སྤྲོ་སེམས་ངང་ཞུགས་པའི་ཉིན་ཞིག་ཀྱང་ཡིན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྤུས་ལེགས་ཐོན་ཁུངས་དང་ཚོང་འགུག་དངུལ་འདྲེན་རྣམ་གྲངས་འོས་སྦྱོར་ཚོགས་འདུ་བཤམས་སྟོན་ཁུལ་རིགས་གཅིག་ཐང་ཆེན་གྱི་ནུས་མང་ཚོམས་ཆེན་ནས་བསྡུས། རྒྱལ་ཁབ་ཕྱི་ནང་ནས་ཡོང་པའི་ཁེ་ལས50ལྷག་འོས་སྦྱོར་ཚོགས་འདུར་ཞུགས། 

འོས་སྦྱོར་ཚོགས་འདུའི་སྟེང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲེལ་ཡོད་འགན་ཁུར་བས་སྤུས་ལེགས་ཐོན་ཁུངས་དང་ཚོང་འགུག་དངུལ་འདྲེན་གྱི་ལས་གཞི་དམིགས་སུ་བཟུང་ནས་འོས་སྦྱོར་བྱས་ཤིང་། རང་ཁུལ་གྱི་འོ་རྫས་ཀུང་སི2ཀྱིས་ཁེ་ལས་དང་ཐོན་རྫས་འོས་སྦྱོར་བྱས། “ཀན་སུའུ་ཞིང་ཆེན་གྱི་ཉིན་མོའི”བྱ་འགུལ་སྐབས་སུ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁེ་ལས་བ་མང་བོ་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་འགྲེམས་ཚོང་བྱ་འགུལ་ལ་ཞུགས། དེའི་ཁྲོད་ཀྱི་འོ་རིགས་ཐོན་རྫས་ལ་ཡུལ་སྐོར་བའི་དགའ་བསུ་ཆེན་པོ་ཐོབ། བྱ་འགུལ་གྱི་ཡུལ་དངོས་ནས། སྐུ་མགྲོན་རྣམས་ལ་རང་ཁུལ་གྱི་ཁྱད་ལྡན་བཏུང་བྱའི་བྲོ་བ་མྱོང་སུ་བཅུག་པ་མ་ཟད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་རྩལ་འཁྲབ་སྟོན་བྱས་པས། ཡུལ་དངོས་ཀྱི་རྣམ་པ་ཧ་ཅང་སྤྲོ་སེམས་འཁོལ་བ་ཞིག་འདུག

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།