རྨ་ཆུ་རྫོང་གིས་དམག་བཀུར་ཁྱིམ་སྐྱོང་ལ་འཚམས་འདྲིའི་བྱ་འགུལ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་གིས་དམག་བཀུར་ཁྱིམ་སྐྱོང་ལ་འཚམས་འདྲིའི་བྱ་འགུལ་སྤེལ་བ་རེད།

རྫོང་ཚན་ཁག་ཆེན་པོ་བཞིའི་འགོ་ཁྲིད་ཀྱིས་རྫོང་དམག་ཁོངས་ནས་ཕྱིར་བུད་བའི་དམག་མིའི་ལས་དོན་ཅུས་ཀྱི་འགན་ཁུར་བ་གཙོ་བོ་འཁོར་དང་བཅས་པ་ཁྲིད་དེ་རྫོང་བཅའ་སྡོད་དམག་དཔུང་དང་། རྫོང་མེ་ཟོན་རུ་ཆེན། རྫོང་སྤྱི་བདེ་ཅུས། རྫོང་མི་དམངས་དྲག་སྤྲས་པུའུ་སོགས་གཟིགས་སྐྱོང་སྡེ་ཚན་དང་དམག་ནང་ན་ཡོད་པ་དང་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་གཟའ་མིར་འཚམས་འདྲི་བྱས་ནས་ཁོང་ཚོར་འཚམས་འདྲིའི་དངུལ་སྤྲད་པ་དང་འབྲེལ་དུས་ཆེན་གྱི་སྨོན་འདུན་དང་འཚམས་འདྲི་ཡང་ཞུས།

རྫོང་གི་འགོ་ཁྲིད་ཀྱིས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་ཀྱི་ཚབ་བྱས་ནས་རྫོང་དུ་བཅའ་སྡོད་བྱེད་པའི་དཔོན་དམག་ཚོས་དུས་གཏན་དུ་རྨ་ཆུ་རྫོང་གི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་། ས་གནས་ཀྱི་དཔལ་འབྱོར་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་ཐད་ལ་རྗེས་བཞག་པར་བསྔགས་བརྗོད་ཆེན་པོ་བྱས་པ་དང་འབྲེལ་རྒྱ་ཆེའི་དཔུང་སྡེའི་དཔོན་དམག་དང་སྤྱི་བདེ་ལས་བྱེད་པ་དང་ཉེན་རྟོག་པས་དེང་ཕྱིན་གྱི་བྱ་བའི་ཁྲོད་ཏང་གི་བཀོད་འདོམས་ལ་ཉན་པ་དང་དཔའ་མཛངས་ལྡན་ལ་དམག་འཐབ་ལ་མཁས་པའི་སྲོལ་རྒྱུན་བཟང་བོ་དར་སྤེལ་བཏང་ནས། བཅའ་སྡོད་བྱ་ཡུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་བྱས་རྗེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་བཤད། རྫོང་དུ་བཅའ་སྡོད་བྱེད་པའི་དཔུང་སྡེས་རྫོང་གི་འགོ་ཁྲིད་ཀྱིས་འཚམས་འདྲི་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་བྱ་བར་འབད་བརྩོན་བྱས་ནས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྲ་ཞིང་བརྟན་པའི་རྒྱབ་རྟེན་བྱ་དགོས་པར་བཤད།

དུས་མཚུངས་སུ། རྨ་ཆུ་རྫོང་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་ཅུས་ཀྱིས་ད་དུང་ཤང་དང་གྲོང་རྡལ་ཁག་གི་དམག་ཁོངས་ནས་ཕྱིར་བུད་པའི་དམག་མི་དང་མཉམ་དུ་གཙོ་གནད་གཟིགས་སྐྱོང་བྱ་ཡུལ་དང་དམག་ནང་ན་ཡོད་པའི་དམག་མིའི་ཁྱིམ་ཚང་ལ་འཚམས་འདྲི་བྱས། རྒྱ་ཆེའི་གཟིགས་སྐྱོང་བྱ་ཡུལ་དང་དམག་མིའི་ནང་མིས་དེང་ཕྱིན་གྱི་བྱ་བ་དང་འཚོ་བའི་ཁྲོད་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ངོ་བོ་མུ་མཐུད་རྒྱུན་འཁྱོངས་བྱས་ནས་སྤྱི་ཚོགས་ལ་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།