ཀན་ལྷོ་ཁུལ་གྱིས་ཟླ་ཕོགས་ཆད་པའི་གནས་ཚུལ་རྩ་བ་ནས་བཅོས་པའི“དབྱར་ཁའི་ཆེད་དོན་འགུལ་སྐྱོད”ལ་སྐུལ་འདེད་གཏོང་བའི་བཀོད་སྒྲིག་བརྙན་འཕྲིན་ཚོགས་འདུ་བསྡུས།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་གྱི་གླ་ཕོགས་ཆད་པའི་གནས་ཚུལ་རྩ་བ་ནས་བཅོས་པའི“དབྱར་ཁའི་ཆེད་དོན་འགུལ་སྐྱོད”ལ་སྐུལ་འདེད་གཏོང་བའི་བཀོད་སྒྲིག་ཚོགས་འདུ་གྲོལ་རྗེས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཡོངས་ཀྱི་གླ་ཕོགས་ཆད་པའི་གནས་ཚུལ་རྩ་བ་ནས་བཅོས་པའི“དབྱར་ཁའི་ཆེད་དོན་འགུལ་སྐྱོད”ལ་སྐུལ་འདེད་གཏོང་བའི་བཀོད་སྒྲིག་བརྙན་འཕྲིན་ཚོགས་འདུ་བསྡུས།

ཀན་ལྷོ་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ལིའུ་ཧྥུན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད།

ཚོགས་འདུའི་ཐོག་ཁུལ་ཨུའི་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་འགན་ཁུར་བས་ད་ལོའི་ལོ་སྟོད་ཀྱི་ཁུལ་ཡོངས་ཀྱི་གླ་ཕོགས་ཆད་པའི་གནས་ཚུལ་རྩ་བ་ནས་བཅོས་པའི་བྱ་བའི་གནས་ཚུལ་བརྡ་ཁྱབ་བཏང་།

ལིའུ་ཧྥུན་གྱིས་དམིགས་ཚད་དང་ལས་འགན་ལ་དམིགས་ཏེ་བསམ་བློ་ལྷོད་གཡེང་མི་གཏོང་བར་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱིས་ཞིང་བ་ལས་མིའི་གླ་ཕོགས་ཆད་པའི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། རྫོང་དང་གྲོང་ཁྱེར། སྡེ་ཁག་སོ་སོསཀན་ལྷོ་ཁུལ་གྱི་ཞིང་བ་ལས་མིའི་གླ་ཆ་སྤྲོད་པའི་བྱ་བའི་དོ་དམ་བྱ་ཐབསལག་བསྟར་ནན་མོ་བྱས་ནས་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་བ། གྱོད་གཞི་ཐག་གཅོད་དང་མཐོང་ཆེན་བྱེད་པ། གནས་སྲིད་པའི་མི་མངོན་པའི་རྐྱེན་ངན་ལ་དོགས་ཟོན་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་སྒོས་གནད་དོན་ཐག་གཅོད་བྱེད་དགོས། གླ་ཕོགས་ཆད་པ་གཙང་སེལ་བྱེད་པའི་བྱ་བ་ལེགས་པར་བསྒྲུབ་པ། དོ་དམ་དང་རིམ་བགོས་འགན་ཁུར་མཐའ་འཁྱོངས་བྱེད་པ། བྱེད་ཐབས་སྣ་ཚོགས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་ཞིང་བ་ལས་མིའི་གླ་ཕོགས་ཆད་པའི་གནད་དོན་ཐད་ཀར་ཐག་གཅོད་བྱ་ཐུབ་དགོས། མཉམ་འབྲེལ་ཚོགས་འདུའི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཏེ་སྡོད་ཁང་འཛུགས་སྐྲུན་དང་། འགྲིམ་འགྲུལ། ནོར་སྲིད་སོགས་གཙོ་གཉེར་སྡེ་ཁག་གིས་ལས་རིགས་ཁྱབ་ཁོངས་ཀྱི་ལྟ་སྐུལ་དོ་དམ་འགན་ནུས་འཁུར་བ་དང་། བྱ་བ་སྤེལ་ཤུགས་ཆེ་རུ་གཏོང་བ། འགན་འཁྲི་གཙོ་བོ་དོན་འཁྱོལ་བྱེད་པ། སྡེ་ཁག་གི་མཉམ་ཤུགས་འདོན་སྤེལ། ལས་ཀའི་འགན་འཁྲི་དོན་འཁྱོལ་བཅས་བྱ་དགོས།

གླ་ཕོགས་གཏོང་སྤྲོད་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། མཉམ་འབྲེལ་ཆད་གཅོད་བསླབ་འདོམས་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ། ཁེ་ལས་ཀྱི་བྱ་སྤྱོད་གཅུན་འདོམས་ལ་ཤུགས་སྣོན་པ་བཅས་བྱས་ནས“སྒྲིག་འགལ་ས་གཅིག་ཡོད་ན་གང་སར་ཚོད་འཛིན་ཕོག་པ”བྱས་ནས 2019ལོའི་ཞིང་བ་ལས་མིའི་གླ་ཕོགས་གཏོང་སྤྲོད་འགན་ལེན་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་འབད་དགོས་ཞེས་བསྟན།

ཀན་ལྷོ་ཁུལ་གྱིས་ཁེ་ལས་ཀྱི་གླ་ཕོགས་ཆད་པའི་གནད་དོན་ཐག་གཅོད་བྱེད་པའི་མཉམ་འབྲེལ་ཚོགས་འདུའི་ཁོངས་མིའི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བ་ཚོགས་འདུར་ཞུགས་པ་དང་། རྫོང་དང་གྲོང་ཁྱེར་སོ་སོར་ཡན་ལག་ཚོགས་ར་བཙུགས།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།