རྨ་ཆུ་རྫོང་གིས་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེར་བཏང་ནས་ཞིང་སྡེ་དར་སྤེལ་ལ་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་མཛུབ་ཁྲིད་དུ་བཟུང་སྟེ། གཞི་རིམ་རྩ་འཛུགས་སྟོབས་ཤུགས་ཇེ་ཆེ་དང་། མ་རྩ་དང་ཐོན་ཁུངས་འཁོར་རྒྱུག་ཇེ་ལེགས། རོགས་འདེགས་བྱེད་ཤུགས་ཇེ་ཆེ། དཔེ་སྟོན་སྣེ་ཁྲིད་གཙིགས་ཆེར་འཛིན་པའི་བྱེད་ཐབས་ལ་བརྟེན་ནས་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཆེས་ཆེར་བཏང་བ་དང་། ཞིང་སྡེ་དར་སྤེལ་ལ་སྣེ་ཁྲིད། དབུལ་ཐར་མཁྲེགས་གཏོར་བྱ་བ་ཇེ་མགྱོགས་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་ཡོང་བར་རོགས་འདེགས་བཅས་བྱས།

  གཞི་རིམ་རྩ་འཛུགས་སྟོབས་ཆེར་གཏོང་བར་རྨང་གཞི་བརྟན་པོ་འཇོག་དགོས། ཞིང་སྡེ་དར་སྤེལ་ལ་ཞབས་ཞུ་སྒྲུབ་པ་ཕྱོགས་སྟོན་དུ་བཟུང་སྟེ། སྡེ་བར་བཅའ་སྡོད་བྱས་པའི་རོགས་སྐྱོར་ལས་སྒྲུབ་རུ་ཁག15ལ་ལས་མི31ཁ་སྣོན་བྱས་ཤིང་། ཧྲུའུ་ཅི་དང་བོ15བདམས་མངག་བྱས་ནས་དབུལ་ཕོངས་སྡེ་བར་ལས་འགན་འཁུར་བ་དང་། རྫོང་དང་སྡེ་བའི“སྐད་གཉིས”ཕུལ་བྱུང་ན་གཞོན21དབུལ་ཕོངས་མ་ཡིན་པའི་སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་གཞོན་པའི་ལས་འགན་འཁུར་བར་བདམས་མངག་བྱས། སློབ་ཆེན་པའི་སྡེ་དཔོན10དབུལ་ཕོངས་སྡེ་བར་ལས་འགན་འཁུར་བར་བཀོད་སྒྲིག་བྱས་ཏེ་གཞི་རིམ་ལས་ཀའི་སྟོབས་ཤུགས་འཐུས་ཚང་དུ་བཏང་། ད་དུང་སྡེ་བ་རིམ་པའི་རྩ་འཛུགས་ཀྱི་བྱ་འགུལ་སྤེལ་ས་ཚད་ལྡན་ཅན་དུ་བསྒྱུར་བའི་རྣམ་གྲངས་ནན་ཏན་སྒོས་ལག་བསྟར་བྱས་ནས་སྔ་གཞུག་ཏུ་མ་དངུལ་སྒོར་ཁྲི500བཏོན་ནས་འབྲོག་སྡེ36གི “ཁང་བ་གཉིས་དང་ལྟེ་གནས་གཅིག”དང་སྡེ་བ་རིམ་པའི་བྱ་འགུལ་སྤེལ་སའི་ལས་གཞི་ལེགས་པོར་སྒྲུབ་པ་རེད།

རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སྤུས་ཚད་མཐོ་རུ་གཏོང་དགོས། ནུས་ཤུགས་ཡོད་དགུའི་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་དང་ཏང་ཡོན་ལས་གཏོད་རྣམ་གྲངས་འཕེལ་རྒྱས་ལ་རོགས་འདེགས་བྱས་ནས་སྡེ་བ་རིམ་པའི་རོགས་རེས་ཁང43སྒྲིག་འཛུགས་དང་། སྔ་གཞུག་ཏུ་དབུལ་ཕོངས་སྡེ་བའི་སྡེ་བ་རིམ་པ་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བར་མ་དངུལ་སྒོར་ཁྲི750བཏང་ཞིང་། སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་གྱི“སྐོགས་སྟོང་སྡེ་བ”མེད་པར་བཟོས་ཏེ། ཏང་ཡོན་ལས་གཏོད་རོགས་སྐྱོར་མ་དངུལ་སྒོར་ཁྲི144ལག་བསྟར་བྱས་ནས་ཏང་ཡོན་ལས་གཏོད་ཁྱིམ་ཚང72ལ་རོགས་འདེགས་བྱས།   སྡེ་ཚན་གྱི་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་པ་དང་རྫོང་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱིས་འགན་ནུས་དང་འགན་འཁྲི་ཟུང་འབྲེལ་བྱས་ཏེ་ཚན་ཁག་འཛུགས་སྐྱོང་དང་། ཤེས་ལྡན་མི་སྣ་གསོ་སྦྱོང་། མ་དངུལ་རྒྱབ་སྐྱོར་སོགས་ཀྱི་ཐད་ནས་ཆ་སྒྲིག་རོགས་སྐྱོར་བྱེད་པ་དང་། རྒྱུ་ནོར་དང་། ཐོན་ཁུངས། མ་དངུལ་བཅས་གཅིག་གྱུར་འཆར་འགོད་བྱས་ནས་དབུལ་སྐྱོར་དང་ཐོན་ལས་སོགས་རྣམ་གྲངས་སྣ་ཚོགས་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་རྣམ་གྲངས་ལ་འོས་འཚམ་ཡོང་བར་ཁྲིད་སྟོན་བྱེད་པ། མ་དངུལ་དང་། ཆ་འཕྲིན། ལག་རྩལ་སོགས་ཐོན་ཁུངས་སྣ་ཚོགས་ཀྱི་རྩེག་སྣོན་ཕན་འབྲས་ཆགས་པར་བྱེད་པ། “ཁྲག་རྒྱག་པའི”ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་སྟོབས་ཆེར་གཏོང་རྒྱུར་འགན་ལེན་བྱེད་དགོས། 

དཔེ་སྟོན་སྣེ་ཁྲིད་གཙིགས་ཆེར་བཟུང་ནས “སྣེ་ཁྲིད”ཀྱི་ཕན་ནུས་འདོན་སྤེལ་བྱེད་དགོས།    གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་དང་ཏང་ཡོན་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་ཅུང་ཆེ་བའི་ཆེད་ལས་མཉམ་ལས་ཁང་དུ་ཏང་ཀྲི་པུའུ7བཙུགས།   རྫོང་ཐད་གཏོགས་སྡེ་ཚན་དང་དབུལ་ཕོངས་སྡེ་བས“ཆ་སྒྲིག་མཉམ་གཏོད”ཀྱི་བྱ་སྤྱོད་བཙུགས་ནས་གནད་སྨིན་དབུལ་སྐྱོར་དང་ཤེས་ལྡན་མི་སྣ་གསོ་སྦྱོང་སོགས་ཐད་མཛུབ་ཁྲིད་རོགས་སྐྱོར་བྱས་པ་བརྒྱུད་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་ཁྲོད་ཀྱི་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་པ་དང་། རྨང་གཞི་མི་འདྲ་བ་དང་། རིགས་མི་འདྲ་བ། བྱེད་སྟངས་མི་འདྲ་བ་བཅས་ཀྱི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་དཔེ་སྟོན་སྡེ་བ་བདམས་ནས་གནད་གཅིག་གིས་ཁྱོན་ཡོངས་ལ་སྐུལ་ཁྲིད་བྱས་ཏེ་སྤྱི་ཡོངས་ལ་སྐུལ་འདེད་བཏང་བ་རེད། རྫོང་ཡོངས་སུ་དངུལ་རྭ་གྲོང་རྡལ་གྱི་ཐོན་ལས་གླིང་ཁུལ་དང་མཚེ་རུ་མ་སྡེ་བའི་ནོར་སྤུངས་ངལ་རྩོལ་ཞབས་ཞུ་ཚད་ཡོད་ཀུང་སི་སོགས་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་གྱི་དཔེ་སྟོན་དུ་བྱས་ནས། ཤང་དང་གྲོང་རྡལ། འབྲོག་སྡེ་སོ་སོར་སློབ་སྦྱོང་དང་བསམ་བློ་བརྗེ་རེས་ཀྱི་གླེང་སྟེགས་འདོན་སྤེལ་བྱས་ནས་ཕན་ཚུན་མིག་ལྟོས་དང་རོགས་རེས་བྱས་ཏེ་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་མངོན་པར་བྱས་ནས་ཁྱོན་ཡོངས་ནས་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཆེས་ཆེར་འགྲོ་བ་དང་ཞིང་སྡེ་དར་སྤེལ་ཐབས་ཇུས་ལག་བསྟར་བྱེད་པར་ནུས་པ་ཆེན་པོ་ཐོན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།