ཅོ་ནེ་རྫོང་གིས་ནག་སེལ་གཤེད་བཅོམ་གྱི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ནག་སེལ་གཤེད་བཅོམ་གྱི་བྱ་འགུལ་སྤེལ་བ་ནས་བཟུང་། ཅོ་ནེ་རྫོང་གིས་ཞིང་ཆེན་དང་ཁུལ་གྱི་གྲོས་ཚོགས་རབ་དང་རིམ་པའི་དགོངས་དོན་དང་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ནས། བསམ་བློའི་ངོས་འཛིན་སྔར་བས་གཅིག་སྒྲིལ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོར་འདེགས། ལས་ཀའི་འགན་འཁྲི་དངོས་ལ་བརྟེན་པ། དྲིལ་བསྒྲགས་སྐུལ་སློང་གཏིང་ཟབ་ཏུ་གཏོང་བ། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། ཁུངས་སྣེར་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། དག་ཐེར་ཡོ་བསྲང་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་པས་རྫོང་ཡོངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་ལས་དོན་ཁག་ལ་སྐུལ་འདེད་གཏིང་ཟབ་བཏང་བས་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོབ་ཡོད།

འགན་འཁྲི་དང“དམག་བཀའ”ཁུར་ལེན་ཞུ་ཡིག་ལ་དམིགས་དགོས།  ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་དེ་མིག་སྔའི་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་དང་དབུལ་ཐར་མཁྲེགས་གཏོར་གྱི་རྣམ་པ་བཟང་བོ་གཏོད་རྒྱུའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཆེད་དོན་འཐབ་རྩོད་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་བརྟན་པོ་ཁུར་དགོས། ཏང་སྲིད་ཀྱི་འགོ་ཁྲིད་པ་གཙོ་བོས་སྣེ་ཁྲིད་དཔེ་སྟོན་དང་རང་འགུལ་ངང་བྱས་རྗེས་བཞག་སྟེ་སྔ་རྗེས་སུ་རྫོང་ཨུའི་རྒྱུན་ཨུའི་གྲོས་ཚོགས་ཐེངས 6དང་། རྫོང་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས4རྫོང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་ཚོགས་འདུ་ཐེངས5བཅས་སྐོང་ཚོགས་བྱས་པ་དང་།  རྫོང་ཡོངས་ཀྱི་ཤང་གྲོང15དང་ཁོངས་མིའི་སྡེ་ཚན33གྱི་འགན་ཁུར་བ་གཙོ་བོས“ནག་ཉེས་དང་འབྲེལ་བ་མེད་པའི”ཁས་ལེན་ལམ་ལུགས་ལག་བསྟར་ནན་པོ་བྱས་པ་དང་། “འགོ་ཁྲིད་ཀྱི་འགན་འཁྲི་དོན་འཁྱོལ་དང་ནག་ཉེས་དང་འབྲེལ་བ་མེད་པའི་གནད་དོན་དང་འབྲེལ་བ་མེད་པའི་ཁས་ལེན་ཡི་གེ”བཞག་པ།  ནག་ཉེས་གཙང་བསལ་གྱི་ཆེད་དོན་འཐབ་རྩོད་ཀྱི་ཆབ་སྲིད་འགན་འཁྲི་ཏན་ཏིག་ཁུར་ནས་རྫོང་ཡོངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བར་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་བཏང་ཡོད། 

ལྕགས་ཀྱི་ཁུ་ཚུར་ལ་དམིགས་ཏེ“དུག་སྐྲན་ནད”བཅོས་སྐྱོང་བྱས་ཡོད། གོང་རིམ་སྡེ་ཚན་གྱིས་བརྒྱུད་སྒྲུབ་ལྟ་སྐུལ་གྱི་གྱོད་གཞི་གལ་ཆེན་དང་། མི་དམངས་མང་ཚོགས་ཀྱི་བསམ་འཆར་ཆེ་བ། ཤུགས་རྐྱེན་ཅུང་ཆེ་བ་བཅས་ཀྱི་གྱོད་གཞི་གལ་ཆེན་ལ་དམ་པོར་དམིགས་ནས“ནག་ཉེས་ཡོད་ན་ནག་ཉེས་བསལ་བ་དང་། ནག་ཉེས་མེད་ན་བཙན་བདག་བསལ་བ། བཙན་བདག་མེད་ན་ཟིང་ཆ་བསལ་བ”བཅས་ཀྱི་སྤྱིའི་བླང་བྱ་གཞིར་སྟེ་བཟུང་ཤང་གིས་སྡེ་བ་དང་སྡེ་བས་ཁྱིམ་ཚང་། ཁྱིམ་ཚང་གིས་མི་ལུས་སུ་མི་འཇུག་པ་བཅས་ཀྱི“ཆད་ལུས་མེད་པའི”རྩ་དོན་ལྟར་བརྟག་དཔྱད་མཐིལ་རྟོགས་བྱས་ཏེ་ཕྱོགས་ཡོངས་དང་ཁྱབ་ཁོངས་མང་བོའི་ནང་ནག་འབྲེལ་ངན་འབྲེལ་གྱི་ཁུངས་སྣེར་གྲལ་བཤེར་བྱས་ཡོད། རྫོང་ཡོངས་ཀྱི་ཁེར་རྐྱང་གཉེར་སྐྱོང་མཁན་དང་། སློབ་མ། ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་སོགས་མི་ཁྲི 2.9ལྷག་ཙམ་ལ་འདྲི་ཤོག་བརྟག་དཔྱད་བྱས་པ་དང་། སྲིད་ཁྲིམས་ལས་བྱེད་པ་དང་ཉེན་རྟོག་པ200ཙམ་སྐོང་འཐེན་བྱས་ནས་བྱ་བྱེད་ཚན་ཆུང་ལྔ་ལ་བགོས་ཏེ། རྫོང་གིས་གཏན་ཁེལ་བྱས་པའི་ནག་ཚོགས་སྤྱོད་ངན་དང་འབྲེལ་བ་ཡོད་པའི་བྱ་སྤྱོད་རིགས 16ལ་དམིགས་ནས“འཕྲེད་ནས་མཐའ་མཚམས་བར་དང་གཞུང་ཕྱོགས་བར་དང་། གཞི་རིམ་དུ་ཟབ་ཞུགས། ཞིང་ཁྱིམ་དང་འབྲེལ་གཏུག་བྱེད་པའི”ལས་ཀའི་བླང་བྱ་གཞིར་བཟུང་སྟེ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྲིད་ཇུས་བསྒྲགས་འགྲེལ་དང་། ཁུངས་སྣེ་འཚོལ་ཞིབ། གྱོད་གཞི་ཞིབ་བཤེར། རྡུང་རྡེག་བཅོས་སྒྲིག་བཅས་ཀྱི་བྱ་སྤྱོད་ཏན་ཏིག་སྤེལ་ནས་སྔ་རྗེས་སུ་ཤང་གྲོང15དང་འབྲེལ་མཐུད་ཚོགས་འདུ་ཐེངས20ལྷག་ཙམ་ཚོགས་པ་རེད། མ་དངུལ་སྒོར་ཁྲི50དེ་ནག་ཚོགས་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེར་བརྩིས་ནས་བྱ་དགའི་མ་དངུལ་ལ་བརྩིས་ཏེ་མང་ཚོགས་ཀྱིས་ནག་ཚོགས་དང་འབྲེལ་བའི་ཁུངས་སྣེ་ཐེར་འདོན་བྱ་རྒྱུར་སྐུལ་མ་བཏང་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ནག་ཚོགས་དང་འབྲེལ་བའི་གནད་དོན་གྱི་ཁུངས་སྣེ་ཐེར་འདོན་བྱེད་པའི་ཧུར་བརྩོན་རང་བཞིན་སྐུལ་མ་ནུས་ལྡན་ཐོབ་པ་རེད། མིག་སྔའི་བར་རིམ་རྩིས་བྱས་ན་འཕྲེད་འགེལ་སྦྱར་ཡིག1000ལྷག་ཙམ་འགེལ་བ་དང་བོད་རྒྱ་ཡིག་རིགས་གཉིས་ཀྱིནག་སྤྱོད་སྟོབས་ཤུགས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་བཏང་ནས་བདེ་འཇགས་སྒྲིག་ལམ་སྲུང་སྐྱོང་ཏན་ཏིག་བྱ་རྒྱུའི་སྐོར་གྱི་བརྡ་ཁྱབ1500ལྷག་དང་། འཁོར་སྐྱོད་ཁྱབ་གཏོང་གི་བརྡ་ཁྱབ་ཆུ་ཚོད630ཙམ། དྲིལ་བསྒྲགས་དཔྱད་ཡིག27000ལྷག་སྤྲད་ཅིང་། ཁྱིམ་ཚང1000ལྷག་ལ་བཅར་འདྲི་བྱས་པ་དང་། མི300ལྷག་གིས་སློབ་གསོ་དང་ལེན་བྱས་པས་མི་ཚང་མ་ནག་ཚོགས་དང་ངན་བསལ་བྱ་འགུལ་ནང་ཞུགས་པའི་བྱ་བའི་རྣམ་པ་ཞིག་རིམ་བཞིན་ཆགས་ཡོད་པ་རེད།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།