ཞིང་སྡེ་གསར་བའི་འཛུགས་སྐྲུན་ལ་དམིགས་ཏེ།། དུས་རབས་གསར་བའི་དཔལ་ཡོན་གླུ་རུ་ལེན།།

------2019ལོའི་ཀན་ལྷོ་ཁུལ་གྱི་རྩོམ་པ་པོ་འགོ་ནང་ཐང་གྲོང་རྡལ་དུ་བསྐྱོད་པའི་སྨྱུག་ཚོགས།

ཉེ་སྔོན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྩོམ་རིག་སྒྱུ་རྩལ་ཚོགས་པའི་ཚོགས་མི56ལྷག་གཙོས་ནས་ལམ་ལ་ཆས་ཏེ་ལིན་ཐན་རྫོང་འགོ་ནང་ཐང་གྲོང་རྡལ་དུ་སོང་ནས་ཞིང་སྡེ་གསར་བའི་འཛུགས་སྐྲུན་ལ་དམིགས་ཏེ། དུས་རབས་གསར་བའི་དཔལ་ཡོན་གླུ་རུ་ལེན་ཞེས་པའི2019ལོའི་ཀན་ལྷོའི་རྩོམ་པ་པོའི་སྨྱུག་ཚོགས་བྱ་འགུལ་ལ་ཞུགས།    ཐེངས་འདིའི་བྱ་འགུལ་ནི་ཀན་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་ཀན་ལྷོ་ཉིན་རེའི་ཚགས་པར་ཁང་གཉིས་ཀྱིས་མཉམ་སྒྲུབ་བྱས་ཤིང་། ཀྲུང་གུང་ལིན་ཐན་རྫོང་འགོ་ནང་ཐང་ཏང་ཨུ་དང་འགོ་ནང་ཐང་མི་དམངས་སྲིད་གཞུང་། ཀྲུང་གུང་ལིན་ཐན་རྫོང་བསྒྲུབས་རྒྱོ་ཤང་ཏང་ཨུ། བསྒྲུབས་རྒྱོ་ཤང་མི་དམངས་སྲིད་གཞུང་། ཀན་ལྷོའི་རྩོམ་པ་པོའི་ལྷན་ཚོགས་ཀྱིས་རོགས་སྒྲུབ་བྱས།

ཀན་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མི་དང་། ཀན་སུའུ་ཞིང་ཆེན་གྱི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་བྱེད་མི་སྣ། འགོ་ནང་ཐང་མི་དམངས་སྲིད་གཞུང་གི་འགོ་ཁྲིད། ཀན་ལྷོ་ཁུལ་གྱི་རྫོང་དང་གྲོང་ཁྱེར་གྱི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་ཀན་ལྷོ་ཁུལ་གྱི་རྩོམ་པ་པོ་བསྡོམས་པས་མི28ཙམ་འགོ་ནང་ཐང་མི་དམངས་སྲིད་གཞུང་དུ་རྩོམ་པ་པོའི་སྨྱུག་ཚོགས་བྱ་འགུལ་དུ་ཞུགས།

ཀན་ལྷོ་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ།  རྩོམ་པ་པོ་དབྱང་ཞའོ་ཤན་གྱིས་ཚོགས་འདུའི་གཙོ་འགན་ཁུར་ཞིང་། ཀན་སུའུ་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིམཁའ་བསྐྱོདདུས་དེབ་ཁང་གི་རྒྱུན་ལས་རྩོམ་སྒྲིག་པ་གཞོན་པའམ་རྩོམ་པ་པོ་ཡན་ཆང་ཀོ  ཀན་ལྷོ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པའམ་རྩོམ་པ་པོ་ཀྲའོ་ལིང་ཧུང་། ཀན་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཀྲུའུ་ཞི་ཝང་ཡུང་ཅིའུ། ཀན་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་རྩོམ་པ་པོ་པདྨ་དབྱངས་ཅན།  ལིན་ཐན་རྫོང་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཞུའེ་རུའེ་ལིན།  གཞན་འགོ་ནང་ཐང་གྲོང་རྡལ་གྱི་འགོ་ཁྲིད་དང་ཀན་ལྷོ་ཁུལ་གྱི་རྫོང་དང་གྲོང་ཁྱེར་ཁག་གི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད་དང་བོད་རྒྱ་སྐད་ཡིག་གི་རྩོམ་པ་པོ།  རྩོམ་སྒྲིག་པ60ལྷག་ཚོགས་འདུར་ཞུགས། 

ཞུའེ་རུའེ་ལིན་གྱིས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཚབ་བྱས་ནས་ཤིས་ཚིག་ཕུལ་བ་དང་། ཁོང་གིས་དང་ཐོག་རྩོམ་པ་པོ་དང་སྙན་ངག་པ་ཕེབས་པར་དགའ་བསུ་དང་འཚམས་འདྲི་ཞུས་པ་དང་འབྲེལ་ལིན་ཐན་རྫོང་གི་མཛེས་ལྗོངས་གྲགས་ཅན་དང་། དམངས་སྲོལ་གོམས་གཤིས། ལོ་རྒྱུས་ཀྱི་འཕེལ་རིམ་བཅས་དང་། ལིན་ཐན་རྫོང་ཨུ་དང་རྫོང་སྲིད་གཞུང་གི་དེང་སྐབས་ཀྱི་གཙོ་གནད་བྱ་བ་ངོ་སྤྲོད་བྱས།

ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པའམ་རྩོམ་པ་པོ་ཀྲའོ་ལིང་ཧུང་གིས་དུས་རབས་གསར་བའི་རིག་རྩལ་གསར་རྩོམ་ཐད་ཀྱི་གལ་ཆེའི་རང་བཞིན་དམིགས་སུ་བཀར་ནས་ནན་བཤད་བྱས་པ་དང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་རྩལ་བྱ་བར་བཏོན་པའི་བླང་བྱ་དང་རེ་སྒུག་དེ་ཚད་གཞིར་བཟུང་ནས་མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་བྱེད་ཕྱོགས་དངོས་སུ་ལག་ལེན་བསྟར་བ་དང་། མི་དམངས་མང་ཚོགས་ལ་གཞི་ཚུགས་པ། དུས་རབས་གསར་བ་ཟིན་ཐོར་འགོད་པ་དང་། དུས་རབས་གསར་བར་བསྟོད་གླུ་འབུལ་བ་བཅས་ཀྱི་བརྩམས་ཆོས་ཡག་པོ་ཞིག་གཏོད་དགོས་པའི་འབོད་སྐུལ་བྱས།

ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཀྲུའུ་ཞི་ཝང་ཡུང་ཅིའུ་ཡིས་ཕྱོགས་སྡོམ་གྱི་གཏམ་བཤད་གནང་ནས་ད་ཐེངས་ཀྱི་རྩོམ་འབྲིའི་ཚོགས་འདུའི་ནུས་པ་དང་དོན་སྙིང་བསྐྱར་བསྒྲགས་བྱས་པ་དང་། རིག་རྩལ་གྱི་གཙོ་གནད་བྱ་བ་ནི་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན་པ་དང་། “གཞི་རིམ་ལ་དགའ་ཞེན་དང་། གཞི་རིམ་ལ་འགྲོ་མཁས་པ། གཞི་རིམ་ལ་མང་ཙམ་བསྐྱོད་པ”བཅས་ཀྱི་ལག་ལེན་སྙིང་སྟོབས་ཡོད་དགོས་པ། ལག་ལེན་བསྟར་ཐུབ་པའི་བརྩམས་ཆོས་ཡོད་དགོས་པ་བཅས་ཀྱི་ངོས་འཛིན་བྱས་པ་རེད།། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།