ཀླུ་ཆུ་རྫོང་གིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་སྒོས་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་ཟམ་ཚ་གྲོང་རྡལ་ཨུར་སྟེང་སྡེ་བ་རུ་གྲོང་རྡལ་སྒྲིག་ཨུ་སྒྲོག་འགྲེལ་ཚོགས་པ་རོང་འབྲོག་ཁྱིམ་ཚང་དུ་སོང་ནས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་དྲིལ་བསྒྲགས་བྱས། 

ནག་སེལ་གཤེད་བཅོམ་གྱི་བྱ་འགུལ་སྤེལ་བ་ནས་བཟུང་སྟེ། ཀླུ་ཆུ་རྫོང་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་ནག་སེལ་གཤེད་བཅོམ་སྐོར་གྱི་བྱ་བའི་བཀོད་སྒྲིག་དང་བླང་བྱ་དོན་འཁྱོལ་བྱས་ཤིང་། ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་ལས་སྒོའི་འཇོན་ཐང་ཆེ་བའི་གྱོད་གཞི་སྒྲུབ་མཁན6སྐོང་འཐེན་བྱས་ཏེ། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་གྱོད་གཞི་ཚན་ཆུང་བཙུགས་ནས་སྲིད་ཁྲིམས་ལས་ཁུངས་དང་འབྲེལ་གཏུག་གཞོགས་འདེགས་བྱ་རྒྱུར་ཤུགས་བསྣན་པས། རྡུང་རྡེག་དང་ཐག་གཅོད་ཁྲོད་དུ་ཆད་ལུས་མི་བྱུང་བ་དང་། དུས་མཚུངས་སུ། རྫོང་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པ50ལྷག་རྩ་འཛུགས་བྱས་ནས་ཤང་དང་གྲོང་རྡལ། སྡེ་བ་བཅས་སུ་སོང་ནས་ནག་ཚོགས་དང་འབྲེལ་བའི་རུལ་སུངས་གནད་དོན་གྱི་ཁུངས་སྣེ་འཚོལ་བསྡུ་དང་མཐིལ་རྟོགས་བྱས་ཏེ། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ནང་མང་ཚོགས་ཞུགས་ཚད་མཐོ་རུ་བཏང་། 

ཟླ4བའི་བར་དུ། ཀླུ་ཆུ་རྫོང་གིས་ནག་ཚོགས་དང་འབྲེལ་བའི་ཁུངས་སྣེ14ཞིབ་བཤེར་བྱས། དེའི་ནང་གི་གནད་དོན་གྱི་ཁུངས་སྣེ12མེད་པར་བཟོས་པ་དང་། གྱོད་དོན1ཐོ་འགོད་མྱུལ་ཞིབ་བྱས་པ། གྱོད་དོན1ཐོ་འགོད་ཞིབ་བཤེར་བྱས་པ་དང་། གྱོད་དོན1ཞིབ་བཤེར་བྱེད་བཞིན་ཡོད་པ་རེད།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།