​ཅོ་ནེ་རྫོང་གིས་ངལ་ནུས་གཞན་སྒྱུར་བྱས་ནས་ལས་ཞུགས་དང་དབུལ་སྐྱོར་ཐད་སྐུལ་འདེད་ཧུར་ཐག་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་དུས། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་མི་སྤྱི་སྡེ་ཚན་གྱིས་སྒྲིག་འཛུགས་བྱས་པའི་གཞོན་ནུ་དང་དར་མ20ལྷག་ཙམ་གཅིག་གྱུར་ཐོག་ལན་ཀྲོའུ་ཀྲུང་པང་ཚོང་དོན་ལྟེ་གནས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལས་ཡུལ་དུ་ལས་ཀར་སྐྱོད་པ་དེ་ནི་ད་ལོ་རྫོང་དེས་ངལ་ནུས་གཞན་སྒྱུར་གྱིས་ལས་ཞུགས་དང་དབུལ་སྐྱོར་འབྲེལ་མཐུད་བྱ་སྤྱོད་ཁྲོད་གཞན་སྒྱུར་བྱས་པའི་ཞིང་འབྲོག་གྲོང་ཚོའི་ངལ་ནུས་ལྷག་མ་ཁག་དང་པོ་དེ་ཡིན་པ་རེད། 2018ལོར་རྫོང་ཡོངས་ཀྱི་མི་ཐེངས་ཁྲི1.6ངལ་ནུས་གཞན་སྒྱུར་བྱས་པར་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར2.6ཙམ་བྱུང་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་འབྲོག་གྲོང་ཚོའི་ཁྱིམ་ཚང་དབུལ་པོའི་ངལ་ནུས་གཞན་སྒྱུར་བྱས་ནས་ལས་ཞུགས་ཀྱི་གོམ་སྟབས་མགྱོགས་སུ་གཏོང་ཆེད། ཅོ་ནེ་རྫོང་མི་སྤྱི་སྡེ་ཚན་གྱིས་མི་སྣ་སྒྲིག་འཛུགས་བྱས་ཏེ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་པ་དང་། ངན་ནུས་དབུལ་པོའི་ཐོན་ཁུངས་དང་། ངལ་ནུས་ལྷག་མའི་ཐོན་ཁུངས། ཕྱིར་གླ་པར་བསྐྱོད་མཁན་སོགས་ལ་ཕྱོགས་ཡོངས་ནས་མཐིལ་རྟོགས་བརྟག་དཔྱད་བྱས་པ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཁྲོད་ངལ་ནུས་གཞན་སྒྱུར་བྱེད་འདོད་ཡོད་པ་དབྱེ་འབྱེད་དང་ཐོ་འགོད་དང་རྩིས་ཐོ་བཟོས་པ་བཅས་རེད། གཅིག་སྡུད་འཛིན་གྲྭ་གཉེར་བ་དང་དུད་ཚང་དུ་དྲིལ་བསྒྲགས་བྱེད་པ་སོགས་རྣམ་པ་སྣ་ཚོགས་བརྒྱུད་ཏང་གི་ཞིང་ཕན་སྲིད་ཇུས་དང་གདན་ཞུའི་ཆ་འཕྲིན་སོགས་དྲིལ་བསྒྲགས་བྱས་པ་དང་མི་སྤྱོད་ཆ་འཕྲིན་དང་དབུལ་སྐྱོར་སྲིད་ཇུས་དུད་ཚང་དང་མི་ཚང་མར་དུས་ཐོག་ཏུ་བརྒྱུད་བསྒྲགས་བྱས་པ་རེད། མངགས་ཐོ་རྣམ་པའི་གསོ་སྦྱོང་དང་། གནས་གཏན་འཁེལ་གྱི་གསོ་སྦྱོང་། ལས་གཏོད་གསོ་སྦྱོང་བཅས་ཤུགས་ཆེན་བྱས་ཏེ་མང་ཚོགས་ཀྱི་ལས་ཞུགས་རྩལ་ནུས་ཀྱི་ཆུ་ཚད་དང་། ཕྱུག་འགྱུར་འཇོན་ཐང་། ངལ་ནུས་ཡོང་འབབ་བཅས་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད་པ་རེད། ཐེན་ཅིན་གྲོང་ཁྱེར་ཧོ་ཤིས་ཆུས་དང་ཤར་ནུབ་རྒྱུད་ཀྱི་ངལ་ནུས་གཞན་སྒྱུར་གྱི་མཉམ་ལས་གྲོས་མཐུན་བཞག་པ་དང་སྦྲགས། ས་གནས་ས་ཐོག་གི་གདན་ཞུའི་ཚོགས་འདུ་འཚོགས་ནས་ངལ་ནུས་གཞན་སྒྱུར་དེ་ཅོ་ནེ་རྫོང་གི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱེད་པའི་ཐབས་ལམ་གཙོ་བོར་འགྱུར་བར་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།