ཀུའུ་ཐི་ལོས་སི་ཡིས་རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་ཁི་ཧྲི་མུས་ཨར་གནད་དོན་ཐད་ནས་རང་ཚོད་འཛིན་དགོས་པའི་འབོད་སྐུལ་བཏང་།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བརྒྱད་ཉིན་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཁོས་ཁི་ཧྲི་མུས་ཨར་གྱི་གནས་བབ་འགྱུར་ལྡོག་ལ་དོ་སྣང་བྱེད་བཞིན་ཡོད་པའི་ཚུལ་བསྟན་པ་དང་། དེའི་ཞོར་དུ་རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་རང་ཚོད་འཛིན་དགོས་པའི་འབོད་སྐུལ་བཏང་། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ས་ཁུལ་དེའི་ལངས་ཕྱོགས་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་དེར་འཚམ་གྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་བརྩི་སྲུང་བྱས་ཡོད་ཟེར། 
ཁོས་ནན་གྱིས་བསྟན་དོན། ཁི་ཧྲི་མུས་ཨར་གྱི་མཇུག་མཐའི་གོ་གནས་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གཞིར་བཟུང་ནས་ཞི་བདེའི་བྱེད་ཐབས་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་ཟེར། 

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། ཁོས་རྒྱ་གར་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་ནས་བཀག་འགོག་བྱེད་ཐབས་མང་དུ་བྱུང་བར་སེམས་ཁུར་བྱེད་བཞིན་ཡོད་པ་དང་། བྱེད་ཐབས་དེ་ལས་ས་ཁུལ་དེའི་འགྲོ་མིའི་ཐོབ་ཐང་གནས་ཚུལ་སྔར་ལས་ཇེ་སྡུག་ཏུ་འགྲོ་སྲིད་པར་བསམ་ཡོད། ཁོས་ཕྱོགས་གཉིས་ཀྱིས་ཁི་ཧྲི་མུས་ཨར་ས་ཁུལ་གྱི་གོ་གནས་ལ་གནོད་པ་ཐེབས་པའི་འགུལ་སྐྱོད་གང་རུང་སྤེལ་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཉེ་བའི་དུས་སྐབས་ཤིག་ལ། རྒྱ་གར་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་ས་ཁུལ་གྱི་གནས་བབ་ཛ་དྲག་ཡིན་པའི་སྣང་ཚུལ་བྱུང་། རྒྱ་གར་དང་ཕཱ་ཁི་སི་ཐན་གྱི་དམག་དཔུང་གིས་ཁི་ཧྲི་མུས་ཨར་གྱི་དོན་དངོས་རྒྱལ་མཚམས་ཉེ་འདབས་ནས་ཐེངས་མང་བོར་འཁྲུག་རྩོད་བྱས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།