ཐི་ལིང་ཕུའུ་ཡིས་ཁྲའོ་ཞན་གྱིས་ཐུང་འཕེན་འཕུར་མདའ་གཏོང་འཕེན་ཚོད་ལྟ་བྱས་པ་དེ་ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་ཐུན་མོང་གི་ལྟ་ཚུལ་དང་འགལ་མེད་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་གཉིས་ཉིན་བསྟན་དོན། ཁྲའོ་ཞན་གྱིས་ཉེ་སྔོན་ཐུང་འཕེན་འཕུར་མདའ་གཏོང་འཕེན་ཚོད་ལྟ་བྱས་པ་དེ་ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མགོ་ཁྲིད་པའི་དེའི་སྔོན་གྱི་ཐུན་མོང་ལྟ་ཚུལ་དང་འགལ་མེད་ཟེར། 

ཐི་ལིང་ཕུའུ་ཡིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་རྣམ་འགྱུར་དེ་བསྟན་པ་རེད། ཁོས་ཞོར་དུ་བསྟན་དོན། ཁྲའོ་ཞན་གྱི་བྱ་སྤྱོད་དེ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་དང་འགལ་ཡོད་ངེས་རེད་ཟེར། ཐི་ལིང་ཕུའུ་ཡིས་བཤད་རྒྱུར། ཁོས་དེའི་སྔོན་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་དང་གྲོས་མོལ་བྱེད་སྐབས་ཐུང་འཕེན་འཕུར་མདའི་ཐད་ནས་གྲོས་བསྡུར་བྱས་ཡོད། ཁོས་བལྟས་ན་ཅིན་ཀྲིན་ཨིན་གྱིས་ཁོ་ཚོའི་བར་གྱི་ཡིད་ཆེས་ལ་གཏོར་བརླག་བྱེད་འདོད་མེད་པར་མ་ཟད། ཁྲའོ་ཞན་ལ་ཅིན་ཀྲིན་ཨིན་གྱི་མགོ་ཁྲིད་འོག་སྦས་ཤུགས་སྔར་ལས་ཆེན་པོ་རྒྱས་སྲིད་ཟེར།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།