རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་ལས་ཁུངས་ལས་འཛིན་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་ཡོངས་ཁྱབ་ཏུ་དབྱི་ལང་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་ཆོད་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་ལས་ཁུངས་ལས་འཛིན་ཚོགས་པས་ཚེས་བཅུ་ཉིན་ཝེ་ཡེ་ན་ནས་དམིགས་བསལ་གྲོས་ཚོགས་བསྡུས་ཏེ། དབྱི་ལང་གིས་དབྱི་ལང་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་ཆོད་ལག་བསྟར་བྱེད་པའི་འབྲེལ་ཡོད་གནད་དོན་ལ་གྲོས་སྡུར་བྱས། ཀྲུང་གོ་དང་ཨ་མེ་རི་ཁ། ཨུ་རུ་སི། དབྱིན་ཇི། ཧྥ་རན་སི། འཇར་མན་སོགས་ལས་འཛིན་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་སོ་ལྔ་ཚོགས་འདུར་ཞུགས། དབྱི་ལང་དང་ཡོ་རོབ་གླིང་མནའ་འབྲེལ་སོགས་ཀྱི་འཐུས་མིས་ཀྱང་ཚོགས་ཐོག་ནས་གཏམ་བཤད། ཀྲུང་གོའི་ཕྱི་འབྲེལ་པུའུ་དམག་དོན་ཚོད་འཛིན་ཟི་ཡི་མགོ་གཙོ་ཧྥུའུ་ཚུང་གིས་ཚོགས་པ་ཁྲིད་དེ་ཚོགས་འདུར་ཞུགས།

ཐེངས་འདིའི་དམིགས་བསལ་གྲོས་ཚོགས་ནི་ཨ་མེ་རི་ཁའི་རེ་བ་ལྟར་བསྡུས་པ་རེད། ལས་འཛིན་ཚོགས་པའི་ཁོངས་མི་མང་ཆེ་ཤས་ཀྱིས་ཕྱོགས་ཡོངས་ཀྱི་གྲོས་ཚོགས་ལ་སྲུང་སྐྱོབ་བྱེད་རྒྱུའི་འདོད་ཚུལ་བཟུང་བ་དང་། ཨ་མེ་རི་ཁ་གྲོས་ཆོད་ལག་བསྟར་བྱེད་པའི་གྲས་ནས་བུད་དེ། དབྱི་ལང་ལ་གནོན་ཤུགས་ཆེན་པོ་བྱིན་པར་ཡིད་ཕངས་པའི་ཚུལ་བསྟན་པ་དང་མཉམ་དུ། དབྱི་ལང་ཕྱོགས་ཀྱིས་དམ་བཅའ་ཡོངས་སུ་ལག་བསྟར་བྱས་ཏེ། ཕྱོགས་ཡོངས་ཀྱི་གྲོས་ཆོད་ལག་བསྟར་བྱེད་པའི་ཕྱོགས་ཚང་མས་གྲོས་ཆོད་ལ་སྲུང་སྐྱོབ་བྱེད་ཆེད་ཕྱི་འབྲེལ་ཐད་ནས་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཧྥུའུ་ཚུང་གིས་བསྟན་དོན། དེང་སྐབས་ཀྱི་དབྱི་ལང་ཉིང་རྡུལ་གནད་དོན་གྱི་འབྱུང་རྐྱེན་ནི་ཨ་མེ་རི་ཁས་དབྱི་ལང་ལ་གནོན་ཤུགས་དྲག་པོ་སྟེར་བའི་སྲིད་ཇུས་སྤྱད་པ་དེ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་བསྟན་པ་བཞིན་དུ། ཨ་མེ་རི་ཁ་ཕྱོགས་ཡོངས་ཀྱི་གྲོས་ཆོད་ལག་བསྟར་བྱེད་པའི་གྲས་ནས་བུད་པ་དང་། ཕྱོགས་གཅིག་ནས་བཀག་སྡོམ་དང་རྒྱང་རིང་ནས་དོ་དམ་བྱས་པ་དེ་ནི་གྲོས་ཆོགཉིས་གཉིས་གསུམ་གཅིག་དང་ཕྱོགས་ཡོངས་ཀྱི་གྲོས་ཆོད་ཀྱི་དམིགས་འབེན་དང་འགལ་ཡོད་ལ། གྲོས་ཆོད་ལག་བསྟར་བྱེད་པར་བཀག་འགོག་བྱས་ཡོད། དབྱི་ལང་ཕྱོགས་ཀྱིས་གྲོས་ཆོད་ལག་བསྟར་གྱི་དམ་བཅའ་ཇེ་ཉུང་དུ་བཏང་བ་དེར་ཚང་མ་ཡིད་ཕངས་ཡོད་མོད། ཡིན་ནའང་དེས་དོན་དངོས་སུ་ཉིང་རྡུལ་མཚོན་ཆ་ཁྱབ་གདལ་དུ་གཏོང་བའི་ཉེན་ཁ་བཟོས་མེད་པ་དང་། ལྟ་སྐུལ་འགན་སྲུང་གི་འོས་འགན་དང་ཡང་འགལ་མེད། དབྱི་ལང་ཕྱོགས་ཀྱིས་ད་དུང་གྲོས་ཆོད་ལག་བསྟར་བྱེད་པའི་གྲས་ནས་འབུད་འདོད་མེད་ཅེས་ཡང་དང་བསྐྱར་དུ་བསྒྲགས་པ་དེ་ཡང་རྣམ་འགྱུར་ཅུང་བཟང་བོ་ཞིག་རེད་ཟེར།

ཧྥུའུ་ཚུང་གིས་ནན་གྱིས་བསྟན་དོན། ལས་འཛིན་ཚོགས་པས་བདེན་རྫུན་དཀར་ནག་གི་དབྱེ་བ་བཀར་ནས་འབྲེལ་ཡོད་གནད་དོན་ལུགས་མཐུན་དང་དྲང་གཞག་གིས་ཐག་གཅོད་འོས་ལ། འབྲེལ་ཡོད་ཕྱོགས་ཀྱིས་གནོན་ཤུགས་དྲག་པོ་སྟེར་བ་སོགས་ནོར་འཁྲུལ་གྱི་བྱེ་ཐབས་དོར་ནས། ཉེན་ཁ་སྔར་ལས་ཆེན་པོ་མི་འབྱུང་བར་བྱེད་དགོས། དེ་དང་མཉམ་དུ་ཕྱོགས་ཡོངས་ཀྱི་གྲོས་ཆོད་འབྲེལ་འདྲིས་ཨུ་ཡོན་ལྷན་ཁང་་གི་ནུས་པ་ལེགས་པར་འདོན་པ་དང་། གྲོས་ཆོད་བཀོད་པའི་ཕྱོགས་སོ་སོའི་ཕྱི་འབྲེལ་འབད་བརྩོན་ལ་རྒྱབ་སྐྱོར་བྱས་ཏེ། གྲོས་ཆོད་ཆ་ཚང་དང་ནུས་ལྡན་གྱིས་ལག་བསྟར་བྱེད་པར་སྐུལ་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྱང་རྒྱལ་སྤྱིའི་ཉིང་རྡུལ་ནསུཔ་འི་ལས་ཁུངས་ཀྱིས་མུ་མཐུད་དུ་ལུགས་མཐུན་དང་དྲང་གཞག ཆེད་ལས་ཀྱི་རྣམ་འྒྱུར་བཟུང་ནས། དབྱི་ལང་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་དབང་ཆ་ལག་བསྟར་བྱེད་རྒྱུའི་རེ་སྒུག་བྱས་ཡོད་ཟེར།

ཧྥུའུ་ཚུང་གིས་བསྐྱར་དུ་བསྒྲགས་རྒྱུར། ཀྲུང་གོས་ཕྱོགས་ཡོངས་ཀྱི་གྲོས་ཆོད་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་དང་རྒྱབ་སྐྱོར་དང་། རང་གི་དམ་བཅའ་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་མཉམ་དུ། རང་གི་ཁྲིམས་མཐུན་ཁེ་དབང་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཕྱོགས་སོ་སོ་དང་མཉམ་དུ། འབྲེལ་འདྲིས་ཨུ་ཡོན་ལྷན་ཁང་བརྒྱུད་ནས་གྲོས་ཆོད་ལག་བསྟར་གྱི་གནད་དོན་ཞིབ་ཕྲའི་ཐད་ནས་ལག་བསྟར་བྱེད་ཆོག་པའི་ཐག་གཅོད་ཇུས་གཞི་བཙལ་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།