ཧྥ་རན་སི་དང་དབྱི་ལང་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཁ་པར་ལས་དབྱི་ལང་གི་ཉིང་རྡུལ་གནད་དོན་སྐོར་ནས་གྲོས་སྡུར་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས་དྲུག་ཉིན་གྱི་དགོང་མོར་སྤེལ་བའི་གསར་འགྱུར་སྤྱི་བསྒྲགས་ལྟར་ན། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཉིན་དེར་དབྱི་ལང་གི་ཙུང་ཐུང་ལུའུ་ཧ་ཉི་ལ་ཁ་པར་བང་ནས། དབྱི་ལང་གི་ཉིང་རྡུལ་གནད་དོན་སྐོར་ནས་གྲོས་མོལ་བྱས་ཟེར།

སྤྱི་བསྒྲགས་ནང་བཤད་རྒྱུར། མཱ་ཁི་ལུང་གིས་དབྱི་ལང་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་ཆོད་མུ་མཐུད་ཉམས་ཆུང་དུ་འགྱུར་བའི་ཉེན་ཁ་དང་མཇུག་འབྲས་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ཅེས་བཤད་པ་དང་། མཱ་ཁི་ལུང་དང་ལུའུ་ཧ་ཉི་གཉིས་ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན་གྱི་སྔོན་ལ་ཕྱོགས་སོ་སོས་གྲོས་མོལ་སླར་གསོ་བྱེད་པའི་ཆ་རྐྱེན་ཐད་ནས་མུ་མཐུད་དུ་གྲོས་མོལ་བྱ་རྒྱུར་འཐད་པ་བྱུང་ཟེར།

སྤྱི་བསྒྲགས་ནང་བཤད་རྒྱུར། རྗེས་ཕྱོགས་ཀྱི་ཉིན་འགའི་རིང་ལ། མཱ་ཁི་ལུང་གིས་མུ་མཐུད་དུ་དབྱི་ཕྱོགས་དང་འབྲེལ་ཡོད་རྒྱལ་ཁབ་དག་ལ་གྲོས་མོལ་བྱས་ཏེ། ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བར་འབད་རྒྱུ་རེད་ཟེར།

ཨ་མེ་རི་ཁས་ན་ནིང་གི་ཟླ་ལྔ་བར་དབྱི་ལང་ཉིང་རྡུལ་གྲོས་ཆོད་ལག་བསྟར་བྱེད་པའི་གྲས་ནས་ཕྱིར་བུད་པ་ཡིན་ཞེས་བསྒྲགས་པ་དང་། དེའི་རྗེས་སུ་དབྱི་ལང་ལ་བཀག་སྡོམ་བྱེད་མགོ་བརྩམས། དེའི་ལན་དུ་དབྱི་ལང་གིས་ད་ལོའི་ཟླ་ལྔ་བའི་ཚེས་བརྒྱད་ཉིན་དབྱི་ལང་ཉིང་རྡུལ་གྲོས་ཆོད་ཀྱི་དོན་ཚན་ཁ་ཤས་ལག་བསྟར་བྱེད་མཚམས་བཞག་པ་ཡིན་ཞེས་བསྒྲགས། དེ་དང་མཉམ་དུ་དབྱི་ལང་གིས་ཉིན་དྲུག་ཅུའི་ནང་དུ་དབྱི་ལང་ཉིང་རྡུལ་གྲོས་ཆོད་བཀོད་པའི་ཕྱོགས་གཞན་དག་བར་དུ་དབྱི་ལང་ཕྱོགས་ཀྱི་ཁེ་དབང་གནད་དོན་གྱི་སྐོར་ནས་གྲོས་མོལ་བྱ་རྩིས་ཡོད་ལ། གལ་ཏེ་རེ་བ་དེ་མ་འགྲུབ་ན། དབྱི་ལང་ཕྱོགས་ཀྱིས་ཡུག་རྫས་དང་འབྲེལ་བའི་ཐོན་རྫས་སྣ་ཇེ་མང་དུ་གཏོང་བར་ཚོད་འཛིན་བྱ་རྒྱུ་མ་རེད།

དབྱི་ལང་སྲིད་གཞུང་གིས་ཚེས་བདུན་ཉིན་བསྒྲགས་རྒྱུར། དབྱི་ལང་གིས་ཡུག་རྫས་ཐོན་སྐྱེད་བྱེད་ཚད་ཕུན་སུམ་ཇེ་ཚོགས་སུ་གཏོང་བཞིན་ཡོད་ལ། ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་ཆོད་ལས་འཛོམས་ཚད་བརྒྱ་ཆའི་གསུམ་ལྷག་གི་ཡུག་རྫས་ལས་ཐོན་སྐྱེད་བྱེད་མ་ཆོག་པའི་ཚོད་འཛིན་དེ་ལག་བསྟར་མི་བྱེད་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།