མའོ་ཁི་ཨར་གྱིས་ཆབ་སྲིད་ཀྱི་ཐབས་ལ་བརྟེན་ནས་ཨ་མེ་རི་ཁ་དང་དབྱི་ལིང་གི་ཛ་དྲག་གནས་བབ་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་ལས་བྱས་ཏེ་དབྱི་ལིང་དང་ཨ་མེ་རི་ཁའི་བར་གྱི་ཛ་དྲག་གི་གནས་བབ་ཐད་ནས་ཆབ་སྲིད་ཀྱི་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བྱེད་དགོས་ཟེར། 

མའོ་ཁི་ཨར་གྱིས་ཉིན་དེར་འཇར་མན་ནུབ་ཕྱོགས་ཀྱི་ཏའོ་ཐི་མིན་ཏི་གྲོང་ཁྱེར་གྱི་འདུ་ཚོགས་ཤིག་ལ་ཞུགས་སྐབས་བཤད་རྒྱུར། ཆབ་སྲིད་ཀྱི་ཐབས་ལམ་ལ་བརྟེན་ནས་ཨ་མེ་རི་ཁ་དང་དབྱི་ལིང་གི་ཛ་དྲག་གནས་བབ་ཐག་གཅོད་བྱེད་པ་དེ་རེ་བ་ཙམ་ཡིན་མི་རུང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གཟབ་ནན་གྱིས་ཕྱོགས་དེར་འབད་འབུངས་བྱེད་དགོས་ཟེར། 

མའོ་ཁི་ཨར་གྱིས་བཤད་རྒྱུར། མཚོ་ཁུགས་ཀྱི་གནས་བབ་དེ་གཟའ་འཁོར་རྗེས་མར་སྤེལ་རྒྱུ་ཡིན་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་སྟེང་གི་གླེང་གཞི་ཞིག་ཏུ་འགྱུར་སྲིད་པ་དང་། འཇར་མན་གྱིས་གནད་དོན་དེ་ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་དེ་ཐག་གཅོད་བྱེད་པའི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། 

མའོ་ཁི་ཨར་གྱིས་ད་རུང་མིང་མ་བཏགས་པར་རང་རྒྱལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཕྱི་རོལ་དུ་ཁེར་རྐྱང་ལ་ཕུད་རྩིས་ཡོད་པའི་རྒྱལ་ཁབ་ལ་སྐྱོན་བརྗོད་བྱས། ཁོ་མོས་བཤད་རྒྱུར། ད་ལྟ་ས་ཁུལ་ལ་ལ་ཞིག་ཏུ་ཡིད་མི་ཆེས་པ་དེ་སྲིད་གཞུང་གི་སྲིད་ཇུས་ཤིག་ཏུ་གྱུར་ཡོད། རྒྱལ་སྤྱིའི་ཆབ་སྲིད་དེ་མཉམ་ལས་ལ་བརྟེན་དགོས་པ་དང་། གལ་ཏེ་ཡིད་ཆེས་མེད་པ་དེ་རྨང་གཞིར་བྱས་ན། རྒྱལ་སྤྱིའི་ཆབ་སྲིད་ཀྱིས་རྒྱལ་ཁ་ལོན་མི་སྲིད་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།