ཀྲུང་དབྱང་དྲིལ་བསྒྲགས་པུའུ་སོགས་ཀྱིས2019ལོའི“ཚན་རྩལ་ལས་དོན་པ་ཡག་ཤོས”ཀྱི་སྔོན་ཐོན་བྱས་རྗེས་ཡོངས་བསྒྲགས་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱ་ཆེའི་ཚན་རྩལ་ལས་དོན་པ་ཚོར་གོ་སྐབས་སྔོན་བཟུང་དང་དཀའ་ངལ་ལ་མི་འཛེམ་པར་མདུན་སྐྱོད་བྱས་ནས། འཛམ་གླིང་གི་ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྱོང་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ལྕི་པོ་ཕྲག་ཐོག་ཏུ་འཁུར་རྒྱུར་སྐུལ་ལྕག་བྱ་ཆེད། ཉེ་ཆར། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་གོ་ཚན་རྩལ་མཐུན་ཚོགས། ཚན་རྩལ་པུའུ་ཀྲུང་གོ་ཚན་རིག་ཁང་། ཀྲུང་གོ་ལས་གྲྭ་ཁང་། རྒྱལ་སྲུང་ཚན་རྩལ་བཟོ་ལས་ཅུས་བཅས་ཀྱིས་པེ་ཅིང་དུ་སྤྱི་ཚོགས་ཡོངས་ལ2019ལོའི“ཚན་རྩལ་ལས་དོན་པ་ཡག་ཤོས”ཀྱི་སྔོན་ཐོན་བྱས་རྗེས་ཡོངས་བསྒྲགས་བྱས་པ་རེད།

ཅི་ཆིའུ་མེ་དང་། དབྱང་ཧའེ་གཡན། ཐའོ་ཝུན་ཆོན། ཁྲེན་ཞའོ་ཕིང་། ཧོང་ཚའེ་ཧྥ། ཁྲེན་ཡུན་ཅི། ཞིང་ཅི། ལེང་ཅན་དབྱིང་། ཞུས་ཀུང་དབྱི། ཆི་ཤིན་ལེ་བཅས་མི10ཚང་མ་ཚན་ཞིབ་ཐོན་སྐྱེད་ཀྱི་ལས་ཡུལ་དང་པོ་ནས་ཡོང་བའི་ཚན་རྩལ་ལས་དོན་པའི་ཕུལ་བྱུང་དཔེ་མཚོན་ཤ་སྟག་རེད།

ཡོངས་བསྒྲགས་མཛད་སྒོར་ཞུགས་པའི་ཚན་རྩལ་ལས་དོན་པའི་འཐུས་མི་ཚོས། “ཚན་རྩལ་ལས་དོན་པ་ཡག་ཤོས”ཚོའི་སྔོན་ཐོན་བྱས་རྗེས་ལས་ང་ཚོར་སེམས་འགུལ་ཚད་མེད་ཐེབས་བྱུང་། དེས“རྒྱལ་གཅེས་དང་། གསར་གཏོད། བདེན་འཚོལ། ལེགས་སྐྱེས། མཉམ་སྒྲུབ། མི་སྐྱོང”བཅས་ཀྱི་དུས་རབས་གསར་པའི་ཚན་རིག་མཁས་ཅན་གྱི་སྙིང་སྟོབས་གསོན་ཉམས་དོད་པོའི་སྒོ་ནས་འགྲེལ་བཤད་བརྒྱབ་ཡོད། “ཚན་རྩལ་ལས་དོན་པ་ཡག་ཤོས”དེ་དག་མིག་དཔེར་བཟུང་ནས་ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་དམངས་ཆེད་ཀྱི་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་འཆང་བ་དང། མི་སྒེར་གྱི་ཕུགས་བསམ་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་རླབས་ཆེའི་བྱ་གཞག་ནང་རང་རྟོགས་ངང་མཉམ་འདྲེས་བྱེད་པ། བསམ་པའི་དཔལ་འབར་བརྒྱུད་སྤྲོད་དང་རྒྱང་སྐྱོད་ལམ་བུ་གསར་པར་འབད་འཐབ་བྱེད་པ་བཅས་ཀྱི་ཐོག་ནས་འཛམ་གླིང་གི་ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྱོང་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།