ཐེན་ཅིན་ཁྲིན་གྱིས་འགོ་འཛིན་བྱས་ཏེ་རྩ་འཛུགས་བྱ་བའི་ཨུ་ཡོན་ལྷན་ཁང་དྲུང་ཡིག་ཁྲུའུ་ཡི་ལས་དོན་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་ལྔ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་རྩ་འཛུགས་བྱ་བའི་ཨུ་ཡོན་ལྷན་ཁང་དྲུང་ཡིག་ཁྲུའུ་ཡི་དྲུང་ཡིག་ཆེན་མོ་ཐེན་ཅིན་ཁྲིན་གྱིས་འགོ་འཛིན་བྱས་ཏེ། རྩ་འཛུགས་བྱ་བའི་ཨུ་ཡོན་ལྷན་ཁང་དྲུང་ཡིག་ཁྲུའུ་ཡི་ལས་དོན་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་རྩ་འཛུགས་གྲ་སྒྲིག་གནས་ཚུལ་སྙན་ཞུར་ཉན་རྗེས། དུས་རིམ་རྗེས་མའི་བྱ་བ་གཙོ་བོར་བཀོད་སྒྲིག་བྱས།

ཐེན་ཅིན་ཁྲིན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གླེང་སྟེགས་གྲ་སྒྲིག་བྱ་བར་མཐོང་ཆེན་བླ་མེན་གནང་གིན་ཡོད་པར་མ་ཟད། དེ་བསྟུན་གྱི་འོས་འགན་དམིགས་འབེན་དང་བླང་བྱ་མངོན་གསལ་བཏོན། ས་གནས་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་གཞིར་བཟུང་ནས། སྤུས་ཚད་མཐོ་ལ་ཞིབ་ཚགས་ཅན་གྱི་སྒོ་ནས་རྩ་འཛུགས་གྲ་སྒྲིག་གི་ལས་རིམ་ཁག་ཚང་མ་དང་ཞབས་ཞུ་འགན་སྲུང་ལས་དོན་བཟང་པོར་བསྒྲུབ་པ་ལ་འབད་དེ། གླེང་སྟེགས་ལེགས་འགྲུབ་འབྱུང་བར་འགན་ལེན་ཁག་ཐེག་བྱེད་དགོས། གཅིག་ནས་འོས་འགན་དངོས་འབེབས་བྱེད་དགོས། གཉིས་ནས་མཐུན་སྦྱོར་གཞོགས་འདེགས་བྱེད་དགོས། གསུམ་ནས་ཞབས་ཞུའི་འགན་སྲུང་དམ་པོར་འཛིན་དགོས། བཞི་ནས་དྲིལ་སྒྲོག་ལ་ཤུགས་སྣོན་དགོས་པ་བཅས་ཡིན་ཟེར། །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།