ཝང་དབྱང་པེ་ཅིན་ནས་ཨུ་ཡོན་སློབ་ཁང་བྱ་འགུལ་ལ་ཞུགས།

1124731015_15626775006761n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་དགུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་པེ་ཅིན་ནས་ཨུ་ཡོན་སློབ་ཁང་བྱ་འགུལ་ལ་ཞུགས། ཁོང་གིས་བསྟན་དོན། ཨུ་ཡོན་སློབ་ཁང་ནི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་འགན་འཁྲི་ལག་བསྟར་གསར་སྐྲུན་འཚོལ་ཞིབ་ཅིག་ཡིན་པ་དང་། དེས་སྲིད་གྲོས་ཨུ་ཡོན་གྱིས་ལས་རིགས་སོ་སོའི་མང་ཚོགས་དང་འབྲེལ་འདྲིས་དང་མཐུན་སྒྲིལ་བྱེད་པ་དང་སྤྱི་ཚོགས་ལ་ཁ་ཕྱོགས་ཏེ་ནུས་ཤུགས་འདོན་པ། ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་དང་བརྒྱུད་གཏོང་བྱེད་པར་རྐྱེན་སྲོལ་ཅན་གྱི་སྟེགས་བུ་གསར་བ་ཞིག་གསར་སྐྲུན་བྱས་པ་ཡིན་པས་མུ་མཐུད་དུ་སྤྱི་བསྡོམས་བྱས་ཏེ་འཐུས་ཚང་དུ་གཏོང་བ་དང་། ཧུར་ཐག་སྒོས་ཨུ་ཡོན་སློབ་ཁང་དེ་བསམ་བློ་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་མི་དམངས་སྲིད་གྲོས་ཀྱིས་ཕན་ཚུན་ལ་ནུས་ཤུགས་འདོན་པའི་ནང་དོན་གཙོ་བོ་ཞིག་ཏུ་འགྱུར་བར་བྱེད་པ་དང་། སྲིད་གྲོས་ཨུ་ཡོན་གྱི་དུས་རབས་གསར་བ་དང་ཁག་ཁུར་གསར་བ། སྤྱོད་ཚུལ་གསར་བ་མངོན་པར་བྱེད་པའི་སྒེའུ་ཁུང་གལ་ཆེན་ཞིག་གསར་སྐྲུན་བྱེད་དགོས་ཟེར།

ཝང་དབྱང་གིས་བསྟན་དོན། ད་ལོའི་ཨུ་ཡོན་སློབ་ཁང་བྱ་བ་བཟང་བོར་བསྒྲུབ་སྐབས། མི་དམངས་སྲིད་གྲོས་བཙུགས་ནས་ལོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་རབ་དང་རིམ་པ་སྤེལ་བ་དང་ཟུང་འབྲེལ་བྱས་ཏེ། ཨུ་ཡོན་རྣམས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་དང་འཐབ་ཕྱོགས་གཅིག་གྱུར་གྱི་ལོ་རྒྱུས། མི་དམངས་སྲིད་གྲོས་ཀྱི་ལོ་རྒྱུས་ནན་ཏན་སྒོས་སློབ་སྦྱོང་བྱེད་པར་ཁྲིད་སྟོན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དྲིལ་སྒྲོག་བཟང་བོ་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།