ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ7པའི་ཚེས10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཕྱི་ཕྱོགས་ཉོ་ཚོང་བརྟན་འཇགས་བྱེད་ཐབས་གཏན་འཁེལ་བྱེད་པ་དང་སྒོ་འབྱེད་རོགས་ཤུགས་ཇེ་ཆེར་བཏང་ནས་འཕར་སྣོན་དང་ལས་ཞུགས་བརྟན་འཇགས་སུ་གཏོང་རྒྱུ་ཐག་བཅད་པ་དང་། སྤྱི་ཚོགས་འགན་སྲུང་གླ་རིན་ཇེ་དམའ་རུ་གཏོང་བའི་བྱ་བ་བཟང་བོར་བསྒྲུབ་པར་རེ་བ་བཏོན་པ་དང་། རྒྱལ་དབང་མ་རྩ་སྐོར་ཞིག་སྤྱི་ཚོགས་འགན་སྲུང་ཐེབས་རྩའི་ནང་འཇོག་རྒྱུ་གཏན་འཁེལ་བྱས་ལ། ཀྲུང་དབྱང་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་རྩིས་ཞིབ་གཞན་དག་ཁྲོད་དུ་རྩད་ཆོད་པའི་གནད་དོན་ལ་དག་ཐེར་དང་བཅོས་སྒྱུར་བྱེད་པའི་བྱ་བར་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།