ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིསསྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆརཔར་འགྲེམས་བྱས་པ་དང་འབྲེལ་ས་གནས་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

བསམ་འཆར་ནང་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ནི་སྲིད་གཞུང་གི་སྤྱི་པའི་འགན་ནུས་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་། དམངས་འཚོ་འགན་ལེན་དང་ཇེ་ལེགས་སུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྨང་གཞིའི་རང་བཞིན་དང་། ཞབས་ཞུའི་རང་བཞིན། འགན་སྲུང་རང་བཞིན་བཅས་ཀྱི་ལས་དོན་བཅས་རེད། བསམ་འཆར་ནང་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བཟུང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱེད་དགོས། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཡོངས་ཁྱབ་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བའི་བླང་བྱ་གཞིར་བཟུང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་འདུན་པ་དང་ཉིན་བཞིན་ཆེ་རུ་འགྲོ་བའི་བཅའ་ཁྲིམས་ཞབས་ཞུའི་དགོས་མཁོ་སྔར་བས་ཡག་པོ་སྐོང་རྒྱུར་དམིགས་པ། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པ་དང་། སྟབས་བདེ་ཕན་ཆེ། ཆ་སྙོམས་ཀུན་ཕན་བཅས་ཀྱི་དེང་རབས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་མགྱོགས་མྱུར་བསྐྲུན་པ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་ཚོར། བདེ་ཚོར་བཅས་ཆེ་རུ་གཏོང་དགོས།

བསམ་འཆར་ནང་2022ལོར་སླེབས་སྐབས་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པ། སྟབས་བདེ་དང་ནུས་ཆོད་ཆེ་བ། འདྲ་མཉམ་སྤྱི་ཕན་གྱི་སྤྱི་བཅའ་ཁྲིམས་ཞབས་ཞུའི་མ་ལག་ཆགས་དགོས་ལ། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་སྒྲིག་སྲོལ་དང་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ་དང་། ཞབས་ཞུའི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་ནུས་ལྡན་བྱས་ཏེ། ཞབས་ཞུའི་དྲ་རྒྱའི་སྒྲིག་བཀོད་ཁྱོན་ཡོངས་ལ་ཁྱབ་པ་དང་ཕན་ཚུན་སྦྲེལ་མཐུད་ཐུབ་པ་དང་། སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ཚད་ལྡན་ཅན་དང་ཚད་ལྡན་ཅན་གྱི་མ་ལག་གཞི་རྩའི་ཆ་ནས་ཆགས་པར་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་དོ་སྙོམས་ཅན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས། མི་དམངས་མང་ཚོགས་ལ་ལོངས་སུ་སྤྱོད་རྒྱུ་ཡོད་པའི་གཞི་རྩའི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་ཉིན་བཞིན་མཐོ་རུ་གཏོང་དགོས་པར་བསྟན།

2035ལོར་སླེབས་སྐབས་ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་དམིགས་འབེན་དང་འཚམ་པའི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་གཞི་རྩའི་ཆ་ནས་ཆགས་པར་བྱ་དགོས། སྤྱི་པའི་བཅའ་ཁྲིམས་ཁྱོན་ཡོངས་ལ་ཁྱབ་པ་དང་། ཞབས་ཞུའི་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ། ཞབས་ཞུ་མཁོ་སྤྲོད་སྤུས་ལེགས་དང་ལས་ཕྱོད་ཆེ་བ། ཞབས་ཞུ་འགན་ལེན་བརྟན་ལ་ནུས་ལྡན་བཅས་ཡིན་པ་དང་། གཞི་རྩའི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་དོ་སྙོམས་འཕེལ་རྒྱས་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་བ། བཅའ་ཁྲིམས་ཞབས་ཞུའི་མང་ཚོགས་བློ་ཡིད་ཚིམ་ཚད་དང་སྤྱི་ཚོགས་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཏེ། མི་དམངས་མང་ཚོགས་ཀྱིས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།