ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་ཐད་ཕྱོགས་གཉིས་པོའི་སྣེ་ཁྲིད་མི་སྣས་ཁ་པར་བཏང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་10ཉིན་ཚོང་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་7པའི་ཚེས་9ཉིན་གྱི་དགོང་མོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་དང་ཨ་རིའི་ཕྱོགས་གཉིས་ཀྱི་དཔལ་འབྱོར་གླེང་མོལ་ཀྱི་ཀྲུང་གོ་ཕྱོགས་ཀྱི་སྣེ་ཁྲིད་མི་སྣ་ལིའུ་ཧོ་ཡིས་དུས་ཆད་ལྟར་ཨ་རིའི་ཚོང་དོན་འཐུས་མི་ལའེ་ཐེ་ཤིས་ཙེ་དང་ནོར་སྲིད་པུའུ་ཀྲང་མུའུ་ནུའུ་ཆིན་དང་ཁ་པར་ལམ་ནས་གླེང་མོལ་གནང་བ་དང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་ཏ་པན་ཐུག་འཕྲད་ཀྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱ་རྒྱུའི་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད། ཚོང་དོན་པུའི་པུའུ་ཀྲང་ཀྲུང་ཧྲན་ཁ་པར་ནང་ཞུགས་ཡོད།  །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།