ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སློབ་གསོ་སློབ་ཁྲིད་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་ལས་འགན་སློབ་གསོའི་སྤུས་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་བའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སློབ་གསོ་སློབ་ཁྲིད་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་ལས་འགན་སློབ་གསོའི་སྤུས་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་བའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས། 

བསམ་འཆར་ལས་བསྟན་དོན། སློབ་གསོ་སློབ་ཁྲིད་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་ལས་འགན་སློབ་གསོའི་སྤུས་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་སྐབས། ཚན་རིག་གི་སློབ་གསོའི་སྤུས་ཚད་ལྟ་བ་ཆགས་པར་བྱེད་པ་དང་། བཅོས་སྒྱུར་ཟབ་སྤེལ་བྱེད་དགོས་ལ། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་ནས་སྐྱེད་སྲིང་བྱེད་པའི་སློབ་གསོའི་མ་ལག་གསར་སྐྲུན་བྱེད་པ་དང་ཀུན་སྤྱོད་བཟང་བའི་མི་སྐྱེད་སྲིང་བྱེད་པའི་དངོས་འབེབས་རྐྱེན་སྲོལ་ཆ་ཚང་དུ་གཏོང་བར་མ་ཟད་ཕུགས་འདུན་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་ཟབ་མོ་ལྡན་པ། ཀུན་སྤྱོད་གསོ་སྦྱོང་ལ་ཤུགས་སྣོན་པ། ཤེས་བྱའི་མཐོང་རྒྱ་ཇེ་ཡངས་སུ་གཏོང་བ། འབད་འཐབ་སྙིང་སྟོབས་སྐྱེད་སྲིང་བྱེད་པ། ཕྱོགས་བསྡུས་བྱང་ཚད་ཇེ་མཐོར་གཏོང་བ་སོགས་ཀྱི་ཐད་ལ་ཤུགས་བསྐྱེད་དགོས། ཀུན་སྤྱོད་སློབ་གསོ་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ་སློབ་མ་རྣམས་ཏང་ལ་དགའ་ཞིང་རྒྱལ་ཁབ་ལ་དགའ་བ་དང་མི་དམངས་ལ་དགའ་བ། སྤྱི་ཚོགས་རིང་ལུགས་ལ་དགའ་བར་སློབ་གསོ་གཏོང་བ་དང་སྣེ་ཁྲིད་བྱེད་དགོས། ཁྱོན་ཡོངས་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ་སློབ་མའི་ཁྱོན་ཡོངས་ཀྱི་འཕེལ་རྒྱས་ལ་རྨང་གཞི་འདིང་དགོས། ཕྱོགས་ཡོངས་ལ་ཁ་ཕྱོགས་རྒྱུ་རྒྱུན་འཁྱོངས་བྱས་ཏེ་སློབ་གྲྭ་སོ་སོ་བཟང་བོར་བསྒྲུབ་པ་དང་སློབ་མ་རེ་རེར་སློབ་ཁྲིད་བཟང་བོ་བྱེད་དགོས། ཤེས་པ་དང་ཉམས་ལེན་གཅིག་གྱུར་རྒྱུན་འཁྱོངས་བྱས་ཏེ་སློབ་མ་རྣམས་འཚོ་བ་དང་སློབ་སྦྱོང་གི་བདག་པོར་འགྱུར་བར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།