ཝང་དབྱང་གིས་འབྲེལ་ཡོད་དམངས་གཙོ་ཏང་ཁག་ཀྲུང་དབྱང་གི་འགན་འཁུར་བར་བཞུགས་མོལ་བྱས།

1124725763_15625863137321n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ7པའི་ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིན་ནས་འབྲེལ་ཡོད་དམངས་གཙོ་ཏང་ཁག་ཀྲུང་དབྱང་གི་འགན་འཁུར་བར་བཞུགས་མོལ་བྱས་ཏེ། དམངས་གཙོ་ཏང་ཁག་གིས་སྤེལ་བའི་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱས་ནས་ཆུང་ཕྱོགས་གཙོ་གཞིའི་གསོན་ཤུགས་ཇེ་ཆེར་གཏོང་བའི་ཞིབ་འཇུག་དཔྱད་གཞིའི་གྲུབ་འབྲས་ལ་གྲོས་མོལ་བྱས།

ཝང་དབྱང་གིས་འབྲེལ་ཡོད་དམངས་གཙོ་ཏང་ཁག་གི་ཞིབ་འཇུག་དཔྱད་གཞིའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོང་གིས་བསྟན་དོན། རྟོག་ཞིབ་གྲོས་མོལ་ཚོགས་འདུ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་བཙུགས་པའི་སྲིད་ཏང་གྲོས་མོལ་རྣམ་པ་གལ་ཆེན་ཞིག་ཡིན་པས། ལག་ལེན་ཁྲོད་དུ་མུ་མཐུད་ནས་འཚོལ་ཞིབ་དང་འཐུས་ཚང་དུ་གཏོང་དགོས། གནད་ཕིགས་ཞིབ་འཇུག་དཔྱད་གཞི་འདེམ་པའི་རྐྱེན་སྲོལ་ཆ་ཚང་དུ་གཏོང་བ་དང་། ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་འབུར་ཐོན་གནད་དོན་གཅིག་སྡུད་བྱས་ཏེ་ཞིབ་བཤེར་དང་ཞིབ་འཇུག་ཟབ་མོ་བྱེད་པ་དང་། ཕན་ཚུན་ལ་འབྲེལ་འདྲིས་དང་བརྗེ་རེས་བྱེད་པ་དེ་རྟོག་ཞིབ་གྲོས་མོལ་གྱི་བརྒྱུད་རིམ་ཡོངས་དང་འབྲེལ་མཐུད་བྱས་ནས་གྲོས་མོལ་གྱི་དམིགས་ཡུལ་རང་བཞིན་དང་ཕན་འབྲས་རང་བཞིན་ཇེ་མཐོར་གཏོང་དགོས། དམངས་གཙོ་ཏང་ཁག་སོ་སོས་སྲིད་ཞུགས་སྲིད་གླེང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཤུགས་ཆེན་པོས་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ནས། རྟོག་ཞིབ་གྲོས་མོལ་ལ་རིག་སྟོབས་འདེགས་ཤུགས་འདོན་སྤྲོད་བྱེད་དགོས། རིམ་པ་སོ་སོའི་ཏང་སྲིད་ལས་ཁུངས་ཀྱིས་སྲིད་ཏང་གྲོས་མོལ་ལ་ཧ་ཅང་མཐོང་ཆེན་བྱས་ཏེ། དམངས་གཙོ་ཏང་ཁག་གིས་རྟོག་ཞིབ་ཞིབ་འཇུག་བྱེད་པར་རྒྱབ་སྐྱོར་ཆེན་པོ་བྱེད་པ་དང་། ཧུར་ཐག་སྒོས་རྟོག་ཞིབ་གྲོས་མོལ་གྲུབ་འབྲས་བཀོལ་སྤྱོད་བཟང་བོ་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།