2019ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་ཁ་གསབ་གྲོན་དངུལ་གྱི་སྔོན་རྩིས་ཐད“ཞན་ཆ་གསབ་རྒྱུ”མངོན་གསལ་དོད་པོ་བྱུང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས15ཉིན་ནོར་སྲིད་པུའུ་དང་སློབ་གསོ་པུའུ་ཡིས་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར། འཆར་གཞི་ལོགས་བཀོད་གྲོང་ཁྱེར་བཅས་ལ2019ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་ཁ་གསབ་གྲོན་དངུལ་གྱི་སྔོན་རྩིས་བརྡ་ཐོ་བཏང་སྟེ་ས་གནས་ཁག་གི་འབྲེལ་ཡོད་སློབ་གསོའི་གཏོང་སྒོ་དེ་དཀའ་ངལ་ཡོད་པའི་ཁྱིམ་ཚང་དང་གྲོང་གསེབ་དང་ནུབ་རྒྱུད་ས་ཁུལ་ལ་བཏང་ནས་རོགས་དངུལ་གནད་སྨིན་ཁྱབ་ཚད་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

དཀའ་ངལ་ཡོད་པའི་སློབ་མར་རོགས་རམ་བྱེད་པའི་ཐད 《བརྡ་ཐོའི》ནང་ས་གནས་ཁག་གིས་སློབ་མའི་འཚོ་བའི་ཁ་གསབ་སྲིད་ཇུས་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། 2019ལོའི་སྟོན་ཁའི་སློབ་དུས་ནས་བཟུང་འོས་འགན་སློབ་གསོའི་དུས་མཚམས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་སློབ་མ་དང་དེ་བཞིན་ཡིག་ཚགས་དང་གཱ་མ་བཟོས་པའི་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་སློབ་མ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ཁྱིམ་ཚང་གི་སློབ་མ། གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་རོགས་སྐྱོབ་འཚོ་སྐྱོང་གི་སློབ་མ་སོགས་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པ་དང་ཞག་སྡོད་མིན་པའི་སློབ་མ་རིགས་བཞི་པོ་འཚོ་བའི་ཁ་གསབ་སྤྲོད་པའི་ཁྱབ་ཁོངས་ནང་འཇུག་རྒྱུ། ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་ཞག་སྡོད་སློབ་མའི་འཚོ་བའི་ཁ་གསབ་ཀྱི་རྒྱལ་ཁབ་ཀྱི་གཞི་རྩའི་ཚད་གཞི་དེ་ལོར་སློབ་ཆུང་སློབ་མ་རེར་ཆ་སྙོམས་སྒོར1000དང་དམའ་རིམ་སློབ་འབྲིང་གི་སློབ་མར་སྒོར1250གཏན་འཁེལ་བྱ་རྒྱུའི་བླང་བྱ་བཏོན་ཡོད།

དགེ་རྒན་གྱི་ཐོབ་ཐང་ལེགས་སུ་གཏོང་རྒྱུའི་ཐད 《བརྡ་ཐོའི》ནང“སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཆ་སྙོམས་གླ་ཕོགས་ཡོང་འབབ་ཀྱི་ཆུ་ཚད་དེ་ས་གནས་ཀྱི་གཞུང་ལས་པའི་ཆ་སྙོམས་གླ་ཕོགས་ཡོང་འབབ་ཀྱི་ཆུ་ཚད་ལས་དམའ་མི་རུང་བའམ་ཡང་ན་མཐོ་དགོས་པའི་འགན་ལེན་བྱེད་པ”སོགས་ཀྱི་བླང་བྱ་དོན་འཁྱོལ་ཡག་པོ་བྱུང་བའི་ཞིང་ཆེན་ལ་བྱ་དགའ་འོས་འཚམ་སྤྲོད་དགོས། 2018ལོའི་ཟླ7ཚེས1ཉིན་ནས་བཟུང་དམིགས་བསལ་ལས་གནས་ཀྱི་དགེ་རྒན་གྱི་གླ་ཕོགས་ཀྱི་ཁ་གསབ་ཚད་གཞི་མཐོ་རུ་བཏང་ནས་ལོར་མི་རེའི་ཆ་སྙོམས་ཁ་གསབ་ཚད་གཞི་དབུས་རྒྱུད་ས་ཁུལ་དུ་ཁྲི3.16ནས་ཁྲི3.52བར་དང་ནུབ་རྒྱུད་ས་ཁུལ་དུ་ཁྲི3.46ནས་ཁྲི3.82བར་མཐོ་རུ་གཏོང་རྒྱུའི་གཏན་འབེབས་ཁ་གསལ་བྱས་ཡོད།

སློབ་གྲྭ་འཛུགས་སྐྲུན་བྱེད་པའི་ཐད 《བརྡ་ཐོའི》ནང2019ལོའི་དཔྱིད་ཁའི་སློབ་དུས་ནས་བཟུང་། གྲོང་གསེབ་ཀྱི་གཞུང་བཙུགས་སློབ་གྲྭའི་ཉལ་ཁང་གི་བདེ་འཇགས་འགན་ལེན་གྱི་ཕུགས་ཕན་ལམ་སྲོལ་ལ་མཁོ་བའི་གྲོན་དངུལ་དེ་ཀྲུང་དབྱང་དང་ས་གནས་ནོར་སྲིད་ཀྱིས་རིམ་པ་དབྱེ་ནས་བསྡུར་ཚད་ལྟར་འགན་འཁུར་ནས་ས་ཁུལ་དབུལ་པོའི“འཛིན་གྲྭར་སློབ་མ་མང་དྲགས་པའི་དཀའ་གནད”སེལ་རྒྱུར་སྐུལ་མ་མགྱོགས་པོ་བཏང་སྟེ་གྲོང་གསེབ་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭ་དང་ཤང་དང་གྲོང་རྡལ་གྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་རྒྱག་དགོས་པའི་གཏན་འབེབས་ཁ་གསལ་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།