ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཡིག་ཆ་དང་དེའི་ཟུར་ཁྲིད་ཀློག་དེབ་པེ་ཅིན་ནས་ཐོག་དང་པོར་འགྲེམ་སྤེལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཡིག་ཆ་དང་དེའི་ཟུར་ཁྲིད་ཀློག་དེབ་སྟེ་ཀྲུང་གུང་ཀྲུང་དབྱང་གི་ཏང་དང་རྒྱལ་ཁབ་ལས་ཁུངས་བཅོས་སྒྱུར་ཟབ་སྤེལ་སྐོར་གྱི་ཆོད་དོན་དང་ཏང་དང་རྒྱལ་ཁབ་ལས་ཁུངས་བཅོས་སྒྱུར་ཟབ་སྤེལ་ཇུས་གཞི། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཡིག་ཆ་ཕྱོགས་བསྒྲིགས། ཀྲུང་གུང་ཀྲུང་དབྱང་གི་ཏང་དང་རྒྱལ་ཁབ་ལས་ཁུངས་བཅོས་སྒྱུར་ཟབ་སྤེལ་སྐོར་གྱི་ཆོད་དོན། ཏང་དང་རྒྱལ་ཁབ་ལས་ཁུངས་བཅོས་སྒྱུར་ཟབ་སྤེལ་ཇུས་གཞིའི་ཟུར་ཁྲིད་ཀློག་དེབ་བཅས་ཚེས་བཅུ་གཅིག་ཉིན་པེ་ཅིན་ནས་ཐོག་དང་པོར་འགྲེམ་སྤེལ་བྱས་ཏེ། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་ཆེས་གཞི་རྩ་དང་ཆེས་དབང་ཟིལ་ལྡན་པའི་ཀློག་དེབ་འདོན་སྤྲོད་བྱས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།