ཀྲང་ཏི་ཅང་གིས་ཡོ་རོབ་གླིང་གྲོས་ཁང་གི་གྲོས་དཔོན་གཞོན་པར་མཇལ་འཕྲད་གནང་།

ffc00f0b0a85c27fdcbdc44fbbf114f8.jpg

ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཡོ་རོབ་གླིང་གྲོས་ཁང་གི་གྲོས་དཔོན་གཞོན་པ་ཕ་ཕ་ཏིས་མའོ་ལི་སི་ལ་མཇལ་འཕྲད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་བཅོ་བརྒྱད་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཡོ་རོབ་གླིང་གྲོས་ཁང་གི་གྲོས་དཔོན་གཞོན་པ་ཕ་ཕ་ཏིས་མའོ་ལི་སི་ལ་མཇལ་འཕྲད་གནང་།

ཀྲང་ཏི་ཅང་གིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་གླིང་གཉིས་ཀྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་པ་དང་། ཡོ་རོབ་གླིང་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། སང་ལོ་ནི་ཀྲུང་གོ་དང་ཡོ་རོབ་གླིང་བར་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་བཅོ་ལྔ་འགོར་བ་དང་ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་འགོ་ཁྲིད་པའི་ཐུག་འཕྲད་ལམ་ལུགས་བཙུགས་ནས་ལོ་ཉི་ཤུ་འགོར་བའི་ལོ་ཡིན་པས། ཕྱོགས་གཉིས་ཀྱིས་འཕེལ་རྒྱས་འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། ཀྲུང་གོ་དང་ཡོ་རོབ་གླིང་གཉིས་ཀྱི་ཞི་བདེ་དང་འཕེལ་རྒྱས། བཅོས་སྒྱུར། དཔལ་ཡོན་བཅས་ཀྱི་གྲོགས་པོའི་འབྲེལ་བ་འཛུགས་པར་སྐུལ་འདེད་གཏོང་དགོས། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ཡོ་རོབ་གླིང་གྲོས་ཁང་བར་གྱི་འགྲོ་འོང་ལ་ཤུགས་སྣོན་པ་དང་། ཀྲུང་གོ་དང་ཡོ་རོབ་གླིང་གྲོས་ཁང་གི་དུས་བཅད་བརྗེ་རེས་ལམ་ལུགས་བཀོལ་སྤྱོད་བཟང་བོ་བྱས་ནས། ཆབ་སྲིད་ཡིད་ཆེས་ཇེ་དམ་དུ་གཏོང་བ་དང་། དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་ཁྲིམས་ལུགས་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། མཛའ་མཐུན་དམངས་འདུན་རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་བྱས་ནས། ཀྲུང་གོ་དང་ཡོ་རོབ་གླིང་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་གསར་བ་འཇོག་འདོད་ཡོད་ཟེར།

ཕ་ཕ་ཏིས་མའོ་ལི་སི་ཡིས་བཤད་རྒྱུར། ཡོ་རོབ་གླིང་གྲོས་ཁང་གིས་ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་བར་གྱི་བརྗེ་རེས་དང་གྲོས་མོལ་ལ་ཤུགས་བསྣན་ཏེ། བར་ཆད་ཇེ་ཉུང་དུ་གཏོང་བ་དང་། གཉིས་ཕན་མཉམ་ལས་བྱེད་པ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།