MPRསྒྲ་ལྡན་འཕྲུལ་དེབ《ཨ་མདོའི་ཁ་སྐད་ཚིག་མཛོད》(བོད་རྒྱ་དབྱིན་གསུམ་ཤན་སྦྱར)དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས།

安多藏语口语词典(宣传海报).jpg

ཉེ་སྔོན་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནསMPRསྒྲ་ལྡན་འཕྲུལ་དེབ《ཨ་མདོའི་ཁ་སྐད་ཚིག་མཛོད》(བོད་རྒྱ་དབྱིན་གསུམ་ཤན་སྦྱར)ཅེས་པ་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས་ཤིང་། དེབ་འདི་ནི་ཀེན་ཞན་ཙུང་དང་ལི་ཅུན་ཡིང་། ལྷུན་གྲུབ་རྡོ་རྗེ་བཅས་ཀྱིས་སྒྲིག་རྩོམ་བྱས།

ཨ་མདོའི་ཁ་སྐད་ནི་བོད་ཀྱི་ཡུལ་སྐད་ཆེན་མོ་གསུམ་གྱི་ནང་ཚན་ཞིག་ཡིན་ལ། ཨམ་སྐད་རྒྱག་མཁན་རྣམས་ནི་མཚོ་སྔོན་དང་། ཀན་སུའུ། སི་ཁྲོན་དང་བཅས་པའི་ཞིང་ཆེན་ཁག་ཏུ་ཁྱབ་སྟེ་གནས་བཅས། 《ཨ་མདོའི་ཁ་སྐད་ཚིག་མཛོད》(བོད་རྒྱ་དབྱིན་གསུམ་ཤན་སྦྱར)ནི་མདོ་སྨད་མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་སྐད་གདངས་རྨང་གཞིར་བཟུང་ནས། ཨམ་སྐད་ཁྲོད་ཀྱི་རྒྱུན་སྤྱོད་མིང་བརྡ་དང་ཐ་སྙད་ཉིས་ཁྲི་ལྷག་ཕྱོགས་གཅིག་ཏུ་བསྡུས་པ་དེ་རྣམས་ཀ་ཕྲེང་གི་གོ་རིམ་ལྟར་བསྒྲིགས་པ་ཞིག་ཡིན། ཚིག་མཛོད་འདིར་ཁ་སྐད་ཀྱི་ཁྱད་ཆོས་རྩལ་འདོན་བྱ་ཆེད། སུམ་རྟགས་སོགས་ཀྱི་སྤྱི་ལུགས་དང་ཅུང་ཟད་མི་མཐུན་པའི་ཁ་སྐད་ཤ་སྟག་དུ་མའང་རང་སོར་བཞག་ཡོད་པར་མ་ཟད། རྒྱ་བོད་དབྱིན་གསུམ་གྱི་ཡི་གེ་ཤན་སྦྱར་དུ་བཀོད་ཅིང་དག་ཡིག་ཕལ་མོ་ཆེར་དཔེར་བརྗོད་ཀྱང་དྲངས་ཡོད། ང་ཚོས་ཚིག་མཛོད་གློག་རྡུལ་ཅན་གྱི་དུས་རབས་ལ་དམིགས་ནསMPRགློག་སྨྱུག་གི་བྱེད་ནུས་ཏེ། མིང་ཚིག་རེ་རེའི་ལོགས་སུ་ངོས་ལེན་ཨང་རྟགས་བཀོད་ཡོད་སྟབས་ཚིག་མཛོད་དང་ལྷན་དུ་སྤྲད་པའིMPRགློག་སྨྱུག་ལ་བརྟེན་ནས་མིང་ཚིག་གི་ཁ་སྐད་ཀློག་ཚུལ་ལ་ཉན་ཆོག འདི་ནི་ཨམ་སྐད་སློབ་སྦྱོང་དང་ཞིབ་འཇུག་བྱེད་པ་ལ་ཤིན་ཏུ་མཁོ་གལ་ཆེ་བའི་ཚིག་མཛོད་ཅིག་ཡིན་པ་གོར་མ་ཆག

རྩོམ་སྒྲིག་པ། གླིང་སྨྱོན།

དཔྱད་མཆན 0 ཡོད།