《བོད་ཀྱི་རིག་གནས་རྒྱས་པར་བཤད་པའི་རྣམ་གཞག》ཅེས་པ་པར་སྐྲུན་འགྲེམ་སྤེལ་བྱས།

ཉེ་སྔོན་ཝུའུ་དབྱིན་ཧྲུའེ་དང་ཆུ་དཀར་པད་མ་རྡོ་རྗེ་གཉིས་ཀྱིས་རྒྱ་ཡིག་གི་ལམ་ནས་བརྩམས་པའི《བོད་ཀྱི་རིག་གནས་རྒྱས་པར་བཤད་པའི་རྣམ་གཞག》ཅེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། དཔེ་ཆ་དེ་ལ་སྟོད་སྨད་བར་གསུམ་ཡོད་པ་དང་། ཚན་པ་བཞི་དང་རབ་བྱེད་སོ་དགུས་རྣམ་པར་གྲུབ།

ec414274a15a88ad6c43e8fa2585bdd8.jpg

ནང་དོན་གཙོ་བོ་ནི། བོད་ཀྱི་གདོད་མའི་རིག་གནས་དང་སྤྱང་གི་རིག་གནས། ཞང་ཞུང་གི་རིག་གནས། ཏུན་ཧོང་གཏེར་ཡིག བོན་གྱི་རིག་གནས། བྲག་བརྐོས་རི་མོས་མཚོན་པའི་རིག་གནས། སྒྲུབ་གནས་ཀྱིས་མཚོན་པའི་རིག་གནས། མ་ཎི་རྡོ་འབུམ་གྱིས་མཚོན་པའི་རིག་གནས། བོད་བརྒྱུད་ནང་བསྟན་གྱི་རིག་གནས། རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ། དམངས་ཁྲོད་ཀྱི་རིག་གནས། གཞན་དང་མི་འདྲ་བའི་འཚོ་བའི་རིག་གནས་སོགས་གནའ་ནས་ད་བར་བྱུང་བའི་རིག་གནས་ཀྱི་ཕྱོགས་ཕལ་ཆེར་རྒྱས་པར་སྤྲོས་འདུག བརྗོད་བྱའི་ནང་དོན་ཕུན་སུམ་ཚོགས་ཤིང་རྗོད་བྱེད་ཀྱི་ཚིག་སྦྱོར་བདེ་ཞིང་གོ་སླ་བ་ནི་གཞུང་འདིའི་ཁྱད་ཆོས་གཙོ་བོ་ཡིན། བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་། བོད་ཀྱི་ལོ་རྒྱུས་དང་རིག་གནས་ལ་ཞིབ་འཇུག་དང་སློབ་གཉེར་བྱེད་པ་རྣམས་ལ་མཚོན་ན་དཔེ་ཆ་འདི་ནི་ཕན་ཡོན་ཆེ་ཞིང་མཁོ་གལ་ཆེ་བར་སྙམ་མོ། །

རྩོམ་སྒྲིག་པ། གླིང་སྨྱོན།

དཔྱད་མཆན 0 ཡོད།