ཞི་བདེ་ཉི་མའི་སྙན་རྩོམ་ལ་གསེར་གྱི་རྟགས་མའི་བྱ་དགའ་ཐོབ་པ།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྐབས་དང་པོའི་ཀྲུང་གོའི་ཁུ་ནུ་རྟགས་མའི་སྙན་ངག་གསར་རྩོམ་དཔྱད་གླེང་ཚོགས་འདུ། ཟླ་བདུན་པའི་ཚེས་བཅུ་གཅིག་ཉིན་གནའ་མཁར་ཟི་ལིང་ནས་གཟབ་རྒྱས་ངང་བསྡུས།

ཐེངས་འདིའི་སྙན་ངག་ཚོགས་འདུ་ནི་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་སྙན་ངག་ཚོགས་པས་གཙོ་སྒྲུབ་མཛད་ཅིང་།  རྒྱལ་ཡོངས་ཀྱི་རིགས་སོ་སོའི་སྙན་ངག་པའི་སྙན་རྩོམ་བརྩམས་ཆོས་བརྒྱ་ཕྲག་ལྷག་ལ་དྲང་བདེན་དང་འདྲ་མཉམ་ཀྱིས་དཔྱད་བསྡུར་བྱས་པ་བརྒྱུད། བོད་ཀྱི་སྙན་ངག་པ་ཞི་བདེ་ཉི་མའི་རྒྱ་ཡིག་གི་ལམ་ནས་བརྩམས་གནང་མཛད་པའི་སྙན་རྩོམ་《པོ་ཏ་ལ་》ཞེས་པར་གསེར་གྱི་རྟགས་མའི་བྱ་དགའ་ཐོབ། 

ཞི་བདེ་ཉི་མའི་སྙན་རྩོམ་འདི་ཀྲུང་གོའི་སྙན་རྩོམ་དྲ་ཚིགས་སྟེང་སྤེལ་རྗེས། ཀློག་པ་པོའི་ཁྲོད་དུ་གྲགས་འགུལ་མི་དམན་ཞིག་བཟོས་པ་དང་། དུས་ཡུན་ཐུང་ཐུང་ཞིག་གི་ནང་། རྒྱ་ཡིག་གི་དུས་དེབ་དང་དཔེ་དེབ། དྲ་ཚིགས་སོགས་མང་པོ་ཞིག་གིས་བསྟུད་མར་བརྒྱུད་འགོད་དང་པར་བསྐྲུན་བྱས་ནས། རྒྱལ་ནང་གི་འབྲེལ་ཡོད་རྩོམ་རིག་དཔྱད་བརྗོད་པ་དང་། སྙན་ངག་པ་མི་ཉུང་བ་ཞིག་གིས་གདེང་འཇོག་ཚད་མཐོན་པོ་གནངས་ཤིང་། ཁོའི་སྙན་རྩོམ་འདི་ནི་མིག་སྔའི་སྙན་རྩོམ་སྟེགས་བུའི་སྟེང་མངོན་པའི། གསར་རྩོམ་གྱི་སྣང་ཚུལ་གསར་བ་དང་ཁྱད་རྟགས་གསར་བ་ཞིག་ལ་ངོས་འཛིན་གྱིན་ཡོད་པ་རེད། 

ཞི་བདེ་ཉི་མས་བྱ་དགའ་བཞེས་པའི་ཚོགས་འདུའི་སྟེང་། ང་ནི་བོད་ཡིག་གི་ལམ་ནས་སྙན་རྩོམ་འབྲི་མཁན་གྱི་བོད་ཀྱི་སྙན་ངག་པ་ཞིག་ཡིན། ལོ་འདི་འགར་རྒྱ་ཡིག་གི་ལམ་ནས་སྙན་རྩོམ་རེ་གཉིས་རེ་འབྲི་བ་དེ། གཅིག་ནས་རང་ཉིད་ཀྱི་ཀློག་པ་པོའི་ཚོགས་པ་དེ་རྒྱ་བསྐྱེད་པ་ཙམ་ཞིག་དང་། དེ་ལས་གཞན་སྒྱུ་རྩལ་ལ་རྒྱལ་ཁོངས་ཀྱི་ཚད་བཀག་མེད་པར་ཐུན་མོང་གིས་ལོངས་སྤྱོད་དུ་འགྱུར་བའི་ཕྱོགས་སུ་ཚོད་ལྟ་བྱས་པ་ཙམ་ཡིན་པ་དང་། ཐེངས་འདིར། བདག་ནས་བོད་མི་རིགས་ཀྱི་རིག་གནས་ཤིག་གི་དར་རྒུད་ཅིག་དང་། ལོ་རྒྱུས་ཀྱི་འཕེལ་རིམ་ཞིག་ལ་བསམ་གཞིགས་གཏིང་རིང་བཏངས་པ་ལས་བྱུང་ཞིང་། དུས་རབས་ཀྱི་འགལ་འདུ་ཤུགས་དྲག་གིས་མཚོན་པའི་སྙན་རྩོམ་པོ་ཏ་ལ་ཟེར་བ་དེ། དཔྱད་བརྗོད་པ་དག་ནས་དང་ལེན་དང་གདེང་འཇོག་ཐོབ་པ་འདི། ཁྱེད་ཅག་ལ་མཚོན་ན་བསྐྱེད་ཡངས་དང་གཞན་བཀུར་གྱི་བསམ་བློ་ཞིག་དང་། ང་རང་ཉིད་ལ་མཚོན་ན་དེང་ཕྱིན་སྙན་ངག་གསར་རྩོམ་ཐད་ཀྱི་ཡིད་ཆས་དང་སྒུལ་ཤུགས་ཤིག་ཀྱང་ཡིན་ཟེར།

ཤེས་རྟོགས་བྱུང་བར་གཞིགས་ན། སྙན་རྩོམ་《པོ་ཏ་ལ་》ཞེས་པ་དེ་དབྱིན་ཡིག་དང་ཨུ་རུ་སུའི་ཡིག་གེ་ལ་བསྒྱུར་ཟིན་པ་དང་། ད་དུང་《འཛམ་གླིང་སྙན་རྩོམ་ཉིང་བཏུས་ལས་ཡ་གླིང་དུམ་པ་》ཟེར་བའི་ནང་འདམས་བཀོད་བྱས་ནས་པར་སྐྲུན་བྱེད་རྩིས་ཡོད་པ་རེད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།