ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིང་གི《ཀྲུང་གོ་གུང་ཁྲན་ཏང་གི་འགན་འདྲིའི་སྲོལ་ཡིག》ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་གྱི་བརྡ་སྦྱོར།

  གྲོང་ཁྱེར་དང་ཁུལ་ཏང་ཨུ་སོ་སོ་དང་།ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ།ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཙུའུ(ཏང་ཨུ)སོ་སོ།མི་དམངས་ཚོགས་པ་སོ་སོའི་ཏང་ཙུའུ་ལ།

  ཟླ7པའི་ཚེས8ཉིན།ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་འགན་འདྲིའི་སྲོལ་ཡིག》(གཤམ་ནས་བསྡུས་མིང་ལ《འགན་འདྲིའི་སྲོལ་ཡིག》ཏུ་འབོད)བཀྲམ།《འགན་འདྲིའི་སྲོལ་ཡིག》ལ་སློབ་སྦྱོང་ནན་ཏན་དང་ལག་ལེན་མཐར་ཕྱིན་བྱས་ཏེ།ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་འགན་འཁྲི་ཕྲག་ཏུ་ལེན་པ།《འགན་འདྲིའི་སྲོལ་ཡིག》གི་གཏན་འབེབས་སོ་སོ་དམིགས་སར་འབྱོར་བའི་ཆེད་དུ།ད་ལྟ་འབྲེལ་ཡོད་དོན་བྱའི་ཐད་ཀྱི་བརྡ་སྦྱོར་སྤེལ་བ་གཤམ་ལྟར།

  གཅིག《འགན་འདྲིའི་སྲོལ་ཡིག》བཀྲམ་པ་དང་ལག་བསྟར་བྱེད་པའི་དོན་སྙིང་གལ་ཆེན་ངོས་འཛིན་གང་ལེགས་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཡང་ནས་ཡང་དུ་ནན་གྱིས་བསྟན་དོན།དབང་ཆ་ཡོད་ན་འགན་འཁྲི་ཡོད་དགོས།འགན་འཁྲི་ཡོད་ན་ཁག་འགན་འཁུར་དགོས།འགན་འཁྲི་ཤོར་ན་རྩད་གཅོད་ནན་མོ་བྱེད་དགོས།ཏང་གི་འགན་འཁྲི་བྱ་བ་ཚད་ལྡན་དང་ཇེ་དྲག་ཏུ་གཏོང་བ་ནི་ཏང་གི་ལོ་རྒྱུས་ཀྱི་ལས་འགན་མངོན་འགྱུར་བྱེད་པའི་འགན་སྲུང་གལ་ཆེན་ཞིག་ཡིན་ལ།ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བར་སྐུལ་སྤེལ་བྱེད་པའི་ལག་བསྟར་བླང་བྱ་དང་།ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་འབུར་ཐོན་གནད་དོན་ཐག་གཅོད་པ་མངོན་འགྱུར་བྱེད་པའི་དགོས་མཁོ་ཡང་ཡིན།《འགན་འདྲིའི་སྲོལ་ཡིག》གིས་ཏང་གི་སྒྲིགས་ཡིག་དེ་རྩ་བའི་གཞི་འཛིན་ས་བྱས་ཏེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་།ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་སྟེང་ཕྱོགས་པ།ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་འགན་འཁྲི་འབུར་དུ་ཐོན་པ་བཅས་ཀྱིས།ཏང་རྩ་འཛུགས་དང་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་ཁ་ཤས་ཀྱིས་ཏང་ལ་སྣེ་ཁྲིད་པའི་ནུས་པ་ཇེ་ཞན་དུ་འགྲོ་བ་དང་།ཏང་འཛུགས་སྐྲུན་བྱས་པ་མི་བཟང་བ།ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་ཤུགས་མི་འདང་བ་དང་ཏང་གི་འདུ་ཤེས་ཞན་པ།རྩ་འཛུགས་ཐར་ཐོར་ཡིན་པ།སྒྲིགས་ལམ་ལྷོད་པ།ཁག་འགན་མི་འཁུར་བ་དང་འགན་དུ་མི་ལེན་པ་ལ་སོགས་པའི་གནད་དོན་འབུར་ཐོན་ཐག་གཅོད་གང་ཐུབ་བྱས་པས།ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ་ཏང་ལ་དོ་དམ་དང་ཏང་གཟབ་ནན་གྱིས་སྐྱོང་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་སྐྲུན་གྱི་གྲུབ་འབྲས་མཚོན་ཞིང་།ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བར་གལ་ཆེ་བའི་ལམ་ལུགས་གཙིགས་སུ་བཟུང་བས།“གནས་ལྔ་ཕུང་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་སྐུལ་སྤེལ་དང“ཁྱོན་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་སྤེལ་བྱེད་པ།ཏང་གི་ལོ་རྒྱུས་ཀྱི་ལས་འགན་མངོན་འགྱུར་བྱེད་པ་བཅས་ལ་མཚོན་ན་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་རེད།ཏང་བཙུགས་ནས་ལོ་ངོ95འགོར་བའི་དུས་སུ《འགན་འདྲིའི་སྲོལ་ཡིག》བཀྲམ་པ་དེས།བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་ཆབ་སྲིད་ཀྱི་ཆོད་སེམས་བརྟན་པོ་སྔར་ལས་མངོན་པར་མཚོན་པ་དང་།ཏང་ཀྲུང་དབྱང་གིས་ཏང་གཟབ་ནན་གྱིས་སྐྱོང་བའི་ཆབ་སྲིད་དམ་བཅའ་དེ་ལམ་ལུགས་དང་འགུལ་སྐྱོད་ཀྱི་འདུ་ཤེས་དྲག་པོར་བསྒྱུར་བ་མཚོན་ཡོད་པས།རིམ་པ་སོ་སོའི་ཏང་ཨུས(ཏང་ཙུའུ)《འགན་འདྲིའི་སྲོལ་ཡིག》སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དེ་ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་འགན་འཁྲི་གཙོ་བོ་དངོས་གནས་ཕྲག་ཏུ་ལེན་པ་དང་དངོས་འབེབས་བྱེད་པའི་འཛིན་ཐག་གལ་ཆེན་དུ་བརྩིས་ནས།ཆབ་སྲིད་འདུ་ཤེས་དང་སྤྱི་ཡོངས་འདུ་ཤེས།སྲོག་ཤིང་འདུ་ཤེས།གྲལ་མཉམ་འདུ་ཤེས་བཅས་བརྟན་པོར་བཙུགས་ནས།རང་རྟོགས་སྒོས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོན་པོ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་།ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་དང་ལམ་ལུགས་ལ་བརྟེན་ནས་ཏང་སྐྱོང་བ།ཁྲིམས་སྲོལ་ལྟར་ཏང་སྐྱོང་བ་བཅས་ཀྱི་འཐབ་ཇུས་ཀྱི་མཐོ་ཚད་ནས།《འགན་འདྲིའི་སྲོལ་ཡིག》སློབ་སྦྱོང་ནན་ཏན་དང་གོ་བ་ཟབ་མོ་ལེན་པ།དྲིལ་སྒྲོག་དང་དངོས་འབེབས་བཟང་པོ་བཅས་བྱས་ཏེ།ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དེ་དམིགས་སར་འབྱོར་བར་བྱེད་དགོས‘

གཉིས།《འགན་འདྲིའི་སྲོལ་ཡིག》ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པར་རྩ་འཛུགས་ནན་ཏན་བྱེད་དགོས།

རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས《འགན་འདྲིའི་སྲོལ་ཡིག》སློབ་སྦྱོང་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་ཞིག་ཏུ་བརྩིས་ཏེ།བཀོད་སྒྲིག་ཞིབ་མོ་དང་རྩ་འཛུགས་ལེགས་པོ་བྱེད་པ་དང་།རང་ས་ཁུལ་དང་རང་སྡེ་ཁག་གི་དོན་དངོས་དང་ཟུང་དུ་སྦྲེལ་ནས།བྱེ་བྲག་གི་སློབ་སྦྱོང་དང་དྲིལ་སྒྲོག་སློབ་གསོའི་བྱ་བའི་ཇུས་གཞི་བཟོ་དགོས།ཏང་ཙུའུ(ཏང་ཨུ)ཁོངས་མིས་སྣེ་ཁྲིད་དེ་སློབ་སྦྱོང་ནན་ཏན་བྱེད་པ་དང་།《འགན་འདྲིའི་སྲོལ་ཡིག》གི་ནང་དོན་གཙོ་བོ་ཡང་དག་སྒོས་ཁོང་དུ་ཆུད་པར་བྱེད་པ།《འགན་འདྲིའི་སྲོལ་ཡིག》ལས་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་མགོ་ཁྲིད་ལས་བྱེད་པར་བཏོན་པའི་ཚད་མཐའ་ཡིད་ལ་དམ་པོར་འཛིན་པར་མ་ཟད།དེར་བརྟེན་ནས་ཏང་རྩ་འཛུགས་ཀྱི་བྱ་བ་དང་ཏང་ཡོན་མགོ་ཁྲིད་ལས་བྱེད་པའི་གཏམ་སྤྱོད་ཚད་ལྡན་དུ་གཏོང་དགོས།《འགན་འདྲིའི་སྲོལ་ཡིག》དེ་ཏང་ཨུའི(ཏང་ཙུའུ)ལྟེ་བའི་ཚན་ཆུང་གིས་སློབ་སྦྱོང་བྱེད་པའི་ནང་དོན་གལ་ཆེན་དུ་འཇོག་པ་དང་།“སློབ་པ་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོའི་ངེས་སྦྱོང་ནང་དོན་དུ་འཇོག་པ།ཏང་ཡོན་མགོ་ཁྲིད་ལས་བྱེད་པའི་གསོ་སྦྱོང་འཆར་གཞིའི་ནང་འཇོག་པ་བཅས་རྣམ་པ་མང་པོའི་སྒོ་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ཏེ།ཇི་བཞིན་དུ་སློབ་པ་དང་ཚན་པ་རེ་རེ་དང་སྐད་ཆ་རེ་རེ་བཞིན་སློབ་པ།དོན་དངོས་དང་སྦྲེལ་ཏེ་སློབ་པ་བཅས་བྱས་ཏེ།ཚད་མཐའི་བསམ་གཞིག་ཇེ་དྲག་ཏུ་གཏོང་བ་དང་རིམ་པ་རེ་རེ་ནས་གནོན་ཤུགས་སྟེར་བའི་སྒོ་ནས་འགན་འཁྲི་ཤོར་ན་ངེས་པར་རྩད་གཅོད་ནན་མོ་བྱེད་པ་དང་འགན་འདྲི་བྱེད་པར་ངེས་པར་གཟབ་ནན་ཡོང་བ་རྒྱུན་རྣམ་དུ་འགྱུར་བར་བྱེད་དགོས།“བདུན་ལྔ”ཡི་ཁྲིམས་ལུགས་ཁྱབ་གདལ་དང་ཟུང་དུ་སྦྲེལ་བ་དང་།ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་དྲིལ་སྒྲོག་དང་སློབ་གསོའི་བྱ་བ་ལེགས་པར་བཟུང་སྟེ།《འགན་འདྲིའི་སྲོལ་ཡིག》གི་ནང་དོན་དང་དོན་སྙིང་ལ་ཕྱོགས་ཡོངས་དང་ཟུར་ཚད་མང་པོ།གཏིང་ཟབ་རིམ་པ་བཅས་ནས་དྲིལ་སྒྲོག་དང་སྒྲོག་འགྲེལ་བྱེད་པ་དང་།སྤྱི་ཚོགས་ལ《འགན་འདྲིའི་སྲོལ་ཡིག》གི་ནང་དོན་དང་བླང་བྱ་ཡང་དག་པ་དང་ཕན་ནུས་ལྡན་པའི་སྒོ་ནས་དྲིལ་སྒྲོག་བྱས་ཏེ།སྤྱི་ཚོགས་ཀྱི་སྣང་ཚུལ་ལེགས་པོ་བསྐྲུན་གང་ཐུབ་བྱེད་དགོས།

 གསུམ།《འགན་འདྲིའི་སྲོལ་ཡིག》ལག་ལེན་མཐར་ཕྱིན་བྱེད་པ་དངོས་གནས་དམ་འཛིན་བྱེད་དགོས།

ལམ་ལུགས་ཀྱི་འཚོ་སྟོབས་དེ་ལག་བསྟར་བྱེད་མིན་ལ་རག་ལས།རིམ་པ་སོ་སོའི་ཏང་ཨུས(ཏང་ཙུའུ)《འགན་འདྲིའི་སྲོལ་ཡིག》ལག་ལེན་མཐར་ཕྱིན་བྱེད་པ་དངོས་གནས་དམ་འཛིན་བྱེད་པ་དང་།ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས།སྲིད་ཇུས་བཅས་ལག་ལེན་མཐར་ཕྱིན་བྱེད་པ་དམིགས་པ་དང་།“ཁྱོན་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་བྱེད་ཅིང་འགན་འདྲི་ཇེ་དྲག་ཏུ་བཏང་ནས།ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ལ་ཁག་ཐེག་ནན་ཏན་བྱེད་པ་དང་།ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་བཀའ་ཤར་གཏོང་ཡོང་བར་ཁག་ཐེག་ནན་ཏན་བྱེད་པ།ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་ཡོང་བར་ཁག་ཐེག་ནན་ཏན་བཅས་བྱེད་དགོས།རིམ་པ་སོ་སོའི་ཏང་རྩ་འཛུགས་དང་སྒྲིགས་ཁྲིམས་ཞིབ་བཤེར་སྡེ་ཁག་གིས་ཆབ་སྲིད་ཀྱི་འགན་འཁྲི་འབུར་དུ་ཐོན་པར་བྱས་ཏེ།ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ་ཡངས་ལྷོད་མཉེན་གསུམ་ནས་ནན་དམ་མཁྲེགས་གསུམ་དུ་ཕྱོགས་པར་སྐུལ་འདེད་གཏོང་དགོས།《འགན་འདྲིའི་སྲོལ་ཡིག》ལས་གཏན་འཁེལ་བྱས་པའི་འགན་འདྲིའི་གནས་ཚུལ་སྣ་ཚོགས་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པ་དང་།དཔེར་འོས་གནད་དོན་འཛིན་པ་དང་།འགན་འཁྲི་རྣམ་པ་ཡང་དག་གིས་སྤྱོད་པ།འགན་འདྲི་བྱ་བའི་གོ་རིམ་གཟབ་ནན་ཡོང་བ།སུ་ལ་ཡང་འགན་འདྲི་བྱེད་ཕོད་པ།འཇིགས་སྐུལ་དང་ཉེན་བརྡ་གཏོང་བའི་ཕན་ནུས་འདོན་སྤེལ་བྱེད་པ་བཅས་ཀྱིས།རིམ་པ་སོ་སོའི་ཏང་ཡོན་མགོ་ཁྲིད་ལས་བྱེད་པའི་འགན་འཁྲི་འདུ་ཤེས་སད་དུ་འཇུག་པ་དང་།ཁོ་ཚོའི་འགན་འཁུར་ཕོད་པའི་སྙིང་སྟོབས་སྐུལ་སྤེལ་བྱེད་དགོས།གནད་དོན་ལ་ཁྲིད་སྟོན་བྱེད་པའི་ཁ་ཕྱོགས་རྒྱུན་འཁྱོངས་དང་།གནད་འགག་གི་གྲངས་ཉུང་དམ་འཛིན་བྱས་ཏེ།འགན་ཤོར་ལས་ཤོར་བྱུང་བ་ལས་མཇུག་འབྲས་ཚབས་ཆེན་བཟོས་པ་དང་མི་དམངས་མང་ཚོགས་ཀྱིས་ཚུར་སྣང་དྲག་པོ་བྱས་པ།ཏང་གིས་སྲིད་སྐྱོང་བའི་ཆབ་སྲིད་རྨང་གཞིར་གནོད་འཚེ་བཟོས་པ་བཅས་ལ་འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས་པ་སྟེ།དེའི་འགན་འཁྲི་པ་གཙོ་བོ་དང་ལྟ་སྐུལ་འགན་འཁྲིར་རྩད་གཅོད་པར་མ་ཟད།མགོ་ཁྲིད་པའི་འགན་འཁྲིར་ཡང་རྩད་གཅོད་དགོས།འགན་འདྲི་བྱེད་ཤུགས་ཇེ་ཆེར་བཏང་སྟེ།ཏང་གི་འཛུགས་སྐྲུན་དང་ཏང་གི་ལས་དོན་ཁྲོད་འགན་ཤོར་ལས་ཤོར་བྱུང་བའི་མགོ་ཁྲིད་ལས་བྱེད་པར་མཐའ་གཅིག་ཏུ་འགན་འདྲི་བྱེད་དགོས་པར་མ་ཟད།

  འགན་འཁྲིར་འཐུས་ཤོར་བྱུང་ཡང་མི་འདྲི་བ་དང་འགན་འདྲི་བྱས་ཀྱང་གཟབ་ནན་མིན་པ།འགན་འདྲི་བྱེད་དགོས་ཀྱང་འགན་འདྲི་མ་བྱས་པ།ཁྲིམས་སྲོལ་ལམ་ལུགས་ལ་གཏོར་བརླག་བཟོས་པ་བཅས་ཀྱི་མགོ་ཁྲིད་ལས་བྱེད་པར་འགན་འདྲི་ནན་མོ་བྱེད་པ་དང་།ཏང་གི་སྒྲིགས་ལམ་དེ་ཏང་ཡོངས་དང་ནང་སྒོས་སུ་ཏང་ཡོན་མགོ་ཁྲིད་ལས་བྱེད་པའི་སེམས་གཏིང་ལ་སིམ་པར་བྱས་ནས།དངོས་གནས་ཏང་གི་སྒྲིགས་སྲོལ་དང་ཏང་གི་སྒྲིགས་ལམ་གྱི་དབང་གྲགས་རང་བཞིན་དང་གཟབ་ནན་རང་བཞིན་བརྟན་པོ་ཡོང་བར་བྱེད་དགོས།ཏང་གི་སྒྲིགས་ལམ་གྱི་ཁྱད་ཆོས་མཚོན་པར་བྱས་ཏེ།དངོས་གཉེར་དང་སྤྱོད་གོ་ཆོད་པར་བྱེད་པ་དང་།《འགན་འདྲིའི་སྲོལ་ཡིག》ལག་བསྟར་བྱེད་པའི་གནས་ཚུལ་ལ་ཆེད་དོན་ཞིབ་བཤེར་བྱེད་པ་དང་།འབྲེལ་ཡོད་ལམ་ལུགས་ཆ་ཚང་དང་ཞིབ་ཕྲའི་ལག་བསྟར་སྲོལ་ཡིག་བཟོས་ཏེ།འབྲེལ་ཡོད་འགན་འདྲིའི་ནང་རྐྱེན་སྔར་ལས་ཇེ་ཞིབ་ཏུ་གཏོང་བ་དང་།འགན་འདྲིའི་ལམ་ལུགས་ཅན་དང་ཚད་ལྡན་ཅན།རྒྱུན་རྣམ་ཅན་བཅས་སུ་འགྱུར་བར་སྐུལ་སྤེལ་བཏང་སྟེ།ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་འགན་འཁྲི་དེ་དམིགས་སར་འབྱོར་བར་བསྐུལ་དགོས།

ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས《འགན་འདྲིའི་སྲོལ་ཡིག》གི་གནས་ཚུལ་གལ་ཆེན་དང་བསམ་འཆར་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ།དུས་ཐོག་ཏུ་ཞིང་ཆེན་ཏང་ཨུར་སྙན་ཞུ་འབུལ་དགོས།།

  ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིང་།

  2016ལོའི་ཟླ7པའི་ཚེས18ཉིན།   

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།