ཞིང་ཆེན་ཏང་ཨུ་གཞུང་ལས་ཐིན་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱིས《ཞིང་ཆེན་ཡོངས་ཀྱི་རོང་འབྲོག་པའི་གྲོགས་པོ་རྣམས་ལ་སྤྲིངས་པའི་འཕྲིན་ཡིག》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།(སྨད་ཆ)

  བཅུ། དྭ་ཕྲུག་རོགས་སྐྱོབ་ཀྱི་སྲིད་ཇུས་མུ་མཐུད་དུ་ལག་ལེན་བསྟར་དགོས། 

རོང་འབྲོག་ས་ཁུལ་གྱི་དྭ་ཕྲུག་དང་དོན་དངོས་ཐོག་གསོ་སྐྱོང་བྱེད་མཁན་མེད་པའི་ལོ་ན་མ་སོན་པའི་སྐྱེ་བོ་དེ་དག། ལས་ཁུངས་ནང་ཁུལ་ནས་གཅིག་བསྡུས་ཀྱིས་སྲི་ཞུ་བྱེད་པའི་མི་སྣར་མི་རེ་ཟླ་རེར་འཚོ་བའི་གྲོན་དངུལ་སྒོར1000སྤྲོད་པ་དང་། སྤྱི་ཚོགས་སུ་ཐ་ཐོར་དུ་སྡོད་པའི་མི་སྣར་མི་རེ་ཟླ་རེར་འཚོ་བའི་གྲོན་དངུལ་སྒོར600སྤྲོད་པ་དང་། རོང་འབྲོག་ས་ཁུལ་གྱི་དོན་དངོས་ཐོག་གསོ་སྐྱོང་བྱེད་མཁན་མེད་པའི་ལོ་ན་མ་སོན་པའི་མི་རེར་ཟླ་རེར་འཚོ་བའི་ཁ་གསབ་སྒོར150སྤྲོད་དགོས།

  བཅུ་གཅིག གནས་སྐབས་རོགས་སྐྱོབ་ཀྱི་སྲིད་ཇུས། 

གནས་སྐབས་རོགས་སྐྱོབ་ཀྱི་སྲིད་ཇུས་ལག་བསྟར་བྱ་ཡུལ་ནི། མ་མཐའི་འཚོ་བ་འགན་སྲུང་དང་ཞིང་སྡེའི་ལྔ་སྐྱོང་སྲི་ཞུ་དང་དེ་མིན་ཆེད་དོན་གྱི་སྤྱི་ཚོགས་རོགས་སྐྱོབ་ལམ་ལུགས་ཁྱབ་ཚད་ཀྱི་གཞི་ཁྱོན་ལས་གཞན། ཁྱིམ་ཚང་མི་རེའི་ཆ་སྙོམས་ཡོང་སྒོ་སྤྱིར་བཏང་དུ་ས་གནས་དེའི་མ་མཐའི་འཚོ་བའི་ཚད་གཞིའི150ལས་མི་མཐོ་བ་དང་། ཐོལ་བྱུང་རང་བཞིན་དང་གནས་སྐབས་རང་བཞིན་ལས་གཞི་རྩའི་འཚོ་བར་གནས་སྐབས་དཀའ་ངལ་བཟོས་པའི་ཁྱིམ་ཚང་ལ་བསྟན་པ་ཡིན། གནས་སྐབས་རོགས་སྐྱོབ་ཀྱི་ཚད་གཞི་དེ་དཀའ་ངལ་ཁྱིམ་ཚང་གི་གནས་ཚུལ་དངོས་ལ་བལྟ་བ་དང་། རོགས་སྐྱོབ་བྱ་ཡུལ་གྱི་དོན་དངོས་སུ་དཀའ་ངལ་བྱུང་ཚད་ལ་བསམ་བློ་གང་ལེགས་བཏང་སྟེ་གཏན་འབེབ་ལུགས་མཐུན་བྱས་ཐོག སྤྱིར་བཏང་དུ་སྒོར500ནས་སྒོར3000བར་ཚོད་འཛིན་བྱེད་དགོས། དུས་མཚུངས་སུ། རེ་འདོད་ཞུ་མཁན་གྱིས་ལོ་རེའི་ནང་དུ་རེ་འདོད་ཐེངས་གཅིག་མ་གཏོགས་ཞུ་མི་ཆོག

  བཅུ་གཉིས། དབང་པོར་སྐྱོན་ལྗིད་མོ་ཐེབས་པའི་མིའི་འཚོ་བའི་ཁ་གསབ་སྲིད་ཇུས། 

རོང་འབྲོག་ས་ཁུལ་གྱི་ཞིང་སྡེའི་མ་མཐའི་འཚོ་བ་འགན་སྲུང་དང་ལྔ་སྐྱོང་སྲི་ཞུ་ལོངས་སུ་སྤྱོད་མེད་པ་དང་། མི་རང་ཉིད་ལ་དཔལ་འབྱོར་གྱི་ཡོང་ཁུངས་མེད་ལ་དབང་པོ་སྐྱོན་ཅན་གྱི་རིམ་པ་ནི་རིམ་པ་དང་པོ་དང་གཉིས་པ་ཡིན་པའི་དབང་པོར་སྐྱོན་ལྗིད་མོ་ཐེབས་པའི་མིར། མི་རེ་ཟླ་རེར་སྒོར50ཡི་ཚད་གཞི་ལྟར་འཚོ་བའི་ཁ་གསབ་སྤྲོད་དགོས།

  བཅུ་གསུམ། རོང་འབྲོག་ས་ཁུལ་གྱི་སྨན་བཅོས་རོགས་སྐྱོབ་སྲིད་ཇུས། 

རོང་འབྲོག་ས་ཁུལ་གྱི་མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་དང་ལྔ་སྐྱོང་ཁྱིམ་ཚང་། དབང་པོར་སྐྱོན་ལྗིད་མོ་ཐེབས་པའི་མི། གཙོ་གནད་གསོ་སྐྱོང་བྱ་ཡུལ། ལོ་རབས་དྲུག་ཅུ་པར་ཁུ་བསྡུ་དང་ལས་གནས་ལས་ཕྱིར་འཐེན་བྱས་པའི་མི་སྣ། རྒས་སྐྱོན་གཉིས་ལྡན་གྱི་མི་སྣ། ཁྱིམ་གཅིག་ལ་དབང་པོ་སྐྱོན་ཅན་མང་པོ་ཡོད་པའི་དབང་པོ་སྐྱོན་ཅན་དང་ཐོལ་བྱུང་དོན་རྐྱེན་བྱུང་བ་ལས་སྨན་ཡོན་ཅུང་ཆེན་པོར་ཐོབ་ཡོད་པའི་རོང་འབྲོག་ས་ཁུལ་གྱི་ཡོང་སྒོ་ཉུང་བའི་སྡོད་དམངས་དང་ཡང་ན་ནད་རིགས་ཚབས་ཆེན་ཕོག་པ་ལས་སྨན་ཡོན་ཧ་ཅང་ཆེན་པོར་ཐོབ་ཡོད་པའི་དེ་དག་ལ། ཐེངས་གཅིག་གིས་གནས་སྐབས་སྨན་བཅོས་རོགས་སྐྱོབ་བྱེད་པ་དང་ཡང་ན་ཐེངས་གཅིག་གིས་ནད་རིགས་ཚབས་ཆེན་ལ་སྨན་བཅོས་རོགས་སྐྱོབ་བྱེད་དགོས།

  སྒོ་བསྟེན་སྨན་བཅོས་ཀྱི་རོགས་སྐྱོབ། ཞིང་སྡེའི"ལྔ་སྐྱོང་ཁྱིམ་ཚང"ལ་མི་རེ་ལོ་རེར་སྒོར360རོགས་སྐྱོབ་བྱེད་དགོས། མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་ཁྲོད་ཀྱི་མི་རྒས་པ(ལོ60ཡན་ཆད)དང་ངལ་རྩོལ་ནུས་པ་ཕལ་ཆེར་ཤོར་བའི་དབང་པོ་སྐྱོན་ཅན། དུས་ཡུན་རིང་པོར་ཉལ་སའི་ནང་ལྷུང་བའི་ནད་པ(ཉལ་སའི་ནང་ལྷུང་ཡུན་ལོ་ཕྱེད་ཀ་ཡན་ཆད)། དབང་པོར་སྐྱོན་ལྗིད་མོ་ཐེབས་པའི་མི། གཙོ་གནད་གསོ་སྐྱོང་བྱ་ཡུལ། རྒས་སྐྱོན་གཉིས་ལྡན་གྱི་མི་སྣ། ཁྱིམ་གཅིག་ལ་དབང་པོ་སྐྱོན་ཅན་མང་པོ་ཡོད་པའི་དབང་པོ་སྐྱོན་ཅན་བཅས་ལ་མི་རེ་ལོ་རེར་སྒོར240རོགས་སྐྱོབ་བྱེད་དགོས། སྤྱིར་བཏང་གི་མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་དང་ལོ་རབས60པར་ཁུ་བསྡུ་དང་ལས་གནས་ལས་ཕྱིར་འཐེན་བྱས་པའི་མི་སྣར་མི་རེ་ལོ་རེར་སྒོར120རོགས་སྐྱོབ་བྱེད་དགོས།

  སྨན་ཁང་དུ་སྡོད་པའི་རོགས་སྐྱོབ། ཞིང་སྡེའི"ལྔ་སྐྱོང་ཁྱིམ་ཚང"ལ་གྲངས་དངུལ་ཧྲིལ་བོས་རོགས་སྐྱོབ་བྱེད་པ་ལག་ལེན་བསྟར་དགོས། མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་ཁྲོད་ལོ60ཡན་ཆད་ཀྱི་མི་རྒས་པ་དང་། ངལ་རྩོལ་ནུས་པ་ཕལ་ཆེར་ཤོར་བའི་དབང་པོ་སྐྱོན་ཅན། དུས་ཡུན་རིང་པོར་ཉལ་སའི་ནང་ལྷུང་བའི་ནད་པ་མི་སྒེར་གྱིས10་ཁག་ཁུར་བ་དང་། སྤྱིར་བཏང་གི་མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་གྱི་མི་སྒེར་གྱིས15་ཁག་ཁུར་བྱེད་དགོས། མི་རེ་ལོ་རེར་ཆེས་མཐོའི་བཅད་གྲངས་སྒོར་ཁྲི3ཡིན།

  གནས་སྐབས་སྨན་བཅོས་རོགས་སྐྱོབ། གནས་སྐབས་སྨན་བཅོས་རོགས་སྐྱོབ་བྱ་ཡུལ་ཕན་ཆད་ཀྱི་རོང་འབྲོག་ས་ཁུལ་གྱི་ཡོང་སྒོ་ཉུང་བའི་སྡོད་དམངས་ལ་ཐོལ་བྱུང་དོན་རྐྱེན་བྱུང་བ་ལས་སྨན་གླ་ཅུང་ཆེན་པོར་ཐོབ་སྟེ། རང་ཉིད་ཀྱིས་ཕུད་པའི་སྨན་ཡོན་ཁག་དེ་དང་འབྲེལ་ཡོད་སྡེ་ཁག་གིས་འགྲོ་སོང་རྩིས་ཞུ་བྱས་པའི་འགྲོ་གྲོན་ཕུད་རྗེས། མི་སྒེར་གྱིས་ཕུད་པའི་སྨན་ཡོན་ཁག་དེ་སྔར་བཞིན་སྒོར5000ལས་བརྒལ་ཚེ། ཐེངས་གཅིག་གིས་གནས་སྐབས་སྨན་བཅོས་རོགས་སྐྱོབ་ལག་ལེན་བསྟར་ཆོག རོགས་སྐྱོབ་ཚད་གཞི་ནི་མི་སྒེར་གྱིས་ཕུད་པའི་སྨན་ཡོན་ཁག་དེའི50་ཡིན། ཆེས་མཐོའི་བཅད་གྲངས་སྒོར10000ཡིན།

  ནད་རིགས་ཚབས་ཆེན་གྱི་སྨན་བཅོས་རོགས་སྐྱོབ། འབྲས་སྐྲན་དང་སྙིང་ཁམས་ཁྲག་རྩའི་ནད་སོགས་ནད་རིགས་ཚབས་ཆེན་ཕོག་པའི་སྨན་བཅོས་རོགས་སྐྱོབ་བྱ་ཡུལ་དང་དེ་མིན་རོང་འབྲོག་ས་ཁུལ་གྱི་སྡོད་དམངས་ལ་སྨན་ཡོན་ཧ་ཅང་ཆེན་པོར་ཐོབ་སྟེ། རང་ཉིད་ཀྱིས་ཕུད་པའི་སྨན་ཡོན་ཁག་དེ་དང་འབྲེལ་ཡོད་སྡེ་ཁག་གིས་འགྲོ་སོང་རྩིས་ཞུ་བྱས་པའི་འགྲོ་གྲོན་ཕུད་རྗེས། མི་སྒེར་གྱིས་ཕུད་པའི་སྨན་ཡོན་དེ་སྔར་བཞིན་སྒོར་ཁྲི10(རང་གིས་སྨན་ཡོན་སྤྲོད་པ་འདུས་མེད)ལས་བརྒལ་ཚེ། ཐེངས་གཅིག་གིས་ནད་རིགས་ཚབས་ཆེན་གྱི་སྨན་བཅོས་རོགས་སྐྱོབ་ལག་ལེན་བསྟར་ཆོག ཞིང་སྡེའི་ལུགས་གསར་མཉམ་ལས་སྨན་བཅོས་ཀྱི་ཉེན་འགོག་ཏུ་ཞུགས་པར་མ་དངུལ་ཐོག་ནས་རོགས་སྐྱོར་བྱེད་དགོས། རོང་འབྲོག་ས་ཁུལ་གྱི་རོགས་སྐྱོབ་བྱ་ཡུལ་མི་སྣ་ཞིང་སྡེའི་ལུགས་གསར་མཉམ་ལས་སྨན་བཅོས་ཉེན་འགོག་ཏུ་ཞུགས་ནས་མི་སྒེར་གྱིས་འཇལ་དགོས་པའི་གྲོན་དངུལ་དེ་ས་དེ་གའི་རྫོང་རིམ་པའི་དམངས་སྲིད་སྡེ་ཁག་གིས་གྲངས་དངུལ་ཧྲིལ་བོ་ཚབ་འཇལ་བྱེད་དགོས། ནད་རིགས་ཚབས་ཆེན་གྱི་སྨན་བཅོས་རོགས་སྐྱོབ་ཐེངས་གཉིས་པ། འབྲས་སྐྲན་དང་སྙིང་ཁམས་ཁྲག་རྩའི་ནད་སོགས་ནད་རིགས་ཚབས་ཆེན་ཕོག་པའི་གཙོ་གནད་འགན་སྲུང་བྱ་ཡུལ(རོང་འབྲོག་ས་ཁུལ་གྱི་མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་དང་ཞིང་སྡེའི་ལྔ་སྐྱོང་བྱ་ཡུལ། དྭ་ཕྲུག གཙོ་གནད་གསོ་སྐྱོང་བྱ་ཡུལ། ལོ་རབས་དྲུག་ཅུ་པར་ཁུ་བསྡུ་དང་ལས་གནས་ལས་ཕྱིར་འཐེན་བྱས་པའི་མི་སྣ། རྒས་སྐྱོན་གཉིས་ལྡན་གྱི་མི་སྣ། ཁྱིམ་གཅིག་ལ་དབང་པོ་སྐྱོན་ཅན་མང་པོ་ཡོད་པའི་དབང་པོ་སྐྱོན་ཅན)ལ་མཚོན་ན། རང་ཉིད་ཀྱིས་ཕུད་པའི་སྨན་ཡོན་ཁག་དེ་ཕྱིར་འཐེན་དང་། སྨན་ཁང་དུ་བསྡད་པའི་རོགས་སྐྱོབ་རྩིས་ཞུ་ལོངས་སུ་སྤྱད་རྗེས། མི་སྒེར་གྱིས་ཕུད་པའི་སྨན་ཡོན་ཁག་དེ་སྔར་བཞིན་སྒོར་ཁྲི3ལས་བརྒལ་ཚེ། རོགས་སྐྱོབ་ཐེངས་གཉིས་པ་ལག་ལེན་བྱེད་ཆོག རོགས་སྐྱོབ་ཐོག་ནས་མི་རེ་ལོ་རེར་ཁྲི3ལས་བརྒལ་མི་ཆོག། རོགས་སྐྱོབ་ཚད་གཞི་ནི་རང་ཉིད་ཀྱིས་སྨན་ཡོན་ཕུད་པའི་ཁག་དེའི50་ཡིན།

  བཅུ་བཞི། ལུགས་གསར་ཞིང་སྡེ་མཉམ་ལས་སྨན་བཅོས་ཀྱི་སྲིད་ཇུས།

  ད་ལོར། ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་ལུགས་གསར་མཉམ་ལས་སྨན་བཅོས་ཁང་དུ་མི་རེའི་ཆ་སྙོམས་མ་དངུལ་གྲབས་གསོག་གི་ཚད་གཞི་དེ2011ལོའི་སྒོར300ནས་སྒོར400རུ་མཐོར་འདེགས་གཏོང་དགོས། དེའི་ནང་དུ། ཀྲུང་དབྱང་ནོར་སྲིད་ཀྱིས་སྒོར156ཁ་གསབ་བྱེད་པ་དང་། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་སྒོར174.4ཁ་གསབ་བྱེད་པ། ཁུལ་དང་རྫོང་ནོར་སྲིད་སོ་སོས་སྒོར14.8ཁ་གསབ་བྱེད་པ། རོང་འབྲོག་པའི་མི་སྒེར་གྱིས་གྲོན་དངུལ་སྒོར40འཇལ་དགོས། ཞིང་སྡེའི་ལུགས་གསར་མཉམ་ལས་སྨན་བཅོས་ཁང་གི་སྒོ་བསྟེན་སྨན་བཅོས་ཐེབས་རྩ་དེ་སྒོར55ནས་སྒོར65རུ་མཐོར་འདེགས་གཏོང་དགོས། དེའི་ནང་དུ་ཁྱིམ་ཚང་གི་ཐོ་ཁོངས་ཐེབས་རྩ་མི་རེར་ཆ་སྙོམས་སྒོར40ཡོད་པ་དེ་འགྱུར་རྒྱུ་མིན། སྒོ་བསྟེན་སྨན་བཅོས་གི་གཅིག་གྱུར་འཆར་འགོད་ཀྱི་ཐེབས་རྩ་དེ་མི་རེར་ཆ་སྙོམས་སྒོར15ཡོད་པ་ནས་སྒོར25རུ་མཐོར་འདེགས་བཏང་སྟེ། གཙོ་བོ་དམིགས་བསལ་ནད་དང་གཅོང་ནད་བཅས་ནད་རིགས22ཡི་རིན་དོད་དང་སྤྱིར་བཏང་གི་སྒོ་བསྟེན་སྨན་བཅོས་གྲོན་དངུལ་གཏོང་བ་ཐད་ལ་བེད་སྤྱོད་དགོས། ཁུལ(ཏིས་དང་གྲོང་ཁྱེར)གཅིག་གྱུར་འཆར་འགོད་ཀྱི་སྡེ་ཚན་དུ་བརྩིས་ནས། ལུགས་གསར་ཞིང་སྡེའི་མཉམ་ལས་སྨན་བཅོས་ཐད་ནད་ལྗིད་པོ་དང་ཆེས་ལྗིད་པོའི་སྨན་བཅོས་འགན་སྲུང་ཐེབས་རྩ་བཙུགས་ཏེ་ནད་ལྗིད་པོ་དང་ཆེས་ལྗིད་པོའི་ནད་རིགས21ལ་འགན་སྲུང་བྱེད་པ་དང་། ལོ་རེའི་ཆེས་མཐོའི་གཏོང་སྤྲོད་ཚད་ནི་ཁྲི་ཚོ་སྒོར20ཡིན་པ། སྨན་ཁང་དུ་སྡོད་པའི་སྨན་བཅོས་གྲོན་དངུལ་གྱི་འགྲོ་སོང་རྩིས་ཞུ་བསྡུར་ཚད་དངོས70%ལ་བསླེབ་དགོས། ལུགས་གསར་ཞིང་སྡེའི་མཉམ་ལས་སྨན་བཅོས་ཐད་ཞིང་ཆེན་དང་ཁུལ(རྫོང)། ཞང་དམིགས་འཛུགས་སྨན་བཅོས་ལས་ཁུངས་ཀྱི་སྲིད་ཇུས་ཁྱབ་ཁོངས་ནང་སྨན་ཁང་དུ་སྡོད་པའི་སྨན་རྫས་གྲོན་དངུལ་འགྲོ་སོང་རྩིས་ཞུ་བསྡུར་ཚད་ཐ་དད་དུ70%དང80%། 90%མཐོར་འདེགས་གཏོང་བ་དང་། ལོ་རེའི་ཆེས་མཐོའི་སྤྲོད་ཚད་དེ་མཁར་གྲོང་གཞི་པའི་བཀོད་སྒྲིག་བྱེད་ཆོག་ཡོང་སྒོའི་ལྡབ6ཡན་དུ་མཐོར་འདེགས་བཏང་སྟེ་སྒོར་ཁྲི་ཚོ10ལ་བསླེབ་པར་བྱེད་དགོས།

  བཅོ་ལྔ། ལུགས་གསར་ཞིང་སྡེའི་ཉེན་འགོག་སྲིད་ཇུས། 

ལོ་ཧྲིལ་བོ16(སློབ་གྲྭར་ཡོད་པའི་སློབ་མ་འདུས་མེད)མ་ལོན་པ་དང་མཁར་གྲོང་ལས་བཟོ་པའི་གཞི་རྩའི་རྒན་གསོ་ཉེན་འགོག་ལ་མ་ཞུགས་པའི་རོང་འབྲོག་པ་ཁྱིམ་ཐོ་ཡོད་སར་རང་འཐད་ཀྱིས་ལུགས་གསར་ཞིང་སྡེའི་ཉེན་འགོག་ལ་ཞུགས་ཆོག ལུགས་གསར་ཞིང་སྡེའི་ཉེན་འགོག་ཐད་མི་སྒེར་གྱིས་གྲོན་དངུལ་འཇལ་བ་དང་སྲིད་གཞུང་གིས་གསབ་པ་ཟུང་འབྲེལ་བྱེད་པའི་མ་དངུལ་གྲབས་གསོག་བྱེད་སྟངས་ལག་བསྟར་བྱེད་དགོས། མི་སྒེར་གྱིས་ལོ་རེ་ལྟར་གྲོན་དངུལ་འཇལ་བ་དང་། གྲོན་དངུལ་འཇལ་བའི་ཚད་གཞི་ནི100དང200། 300། 400། 500བཅས་གདང་རིམ་ལྔ་བཙུགས་ཏེ་ཉེན་འགོག་ལ་ཞུགས་པའི་རོང་འབྲོག་པ་རང་ཉིད་ཀྱིས་འདེམ་དགོས། ཉེན་འགོག་ལ་ཞུགས་པའི་ཁ་གསབ་སྲིད་ཇུས་ཐོག་སྲིད་གཞུང་གིས"ཞུགས་ས"དང"ཐོན་ས"ཚང་མ་ཉེན་འགོག་ལ་ཞུགས་པའི་གཞི་པར་ཁ་གསབ་བྱེད་དགོས། ཆེས་མཐའི་དངུལ་འཇལ་གདང་རིམ་དེ་ནོར་སྲིད་ཀྱིས་ཟུར་དུ་ཡང་བསྐྱར་སྒོར30ཁ་གསབ་བྱེད་པའི་ཆབས་ཅིག་ཏུ། གདང་རིམ་གཅིག་སྤར་ན་སྒོར5གསབ་སྣོན་བྱེད་དགོས། དབང་པོ་སྐྱོན་ཅན་ཚབས་ཆེན་གྱིས་གྲོན་དངུལ་འཇལ་བའི་ཁ་གསབ་རྨང་གཞིའི་ཐོག་ཆེས་མ་མཐའི་གྲོན་དངུལ་དེ་ནོར་སྲིད་ཀྱིས་ཚང་མ་འགན་འཁུར་དགོས། ལོ་ཧྲིལ་བོ60ལོན་པ་ཡན་གྱི་རོང་འབྲོག་པར་མི་རེ་ཟླ་རེའི་ཚད་གཞི་སྒོར55ཡི་རྨང་གཞི་ལྟར་རྒན་གསོའི་འཚོ་དངུལ་ཐད་ཀར་སྤྲོད་དགོས།

  བཅུ་དྲུག འཆར་ལྡན་བུ་སྐྱེར་བྱ་དགའ་དང་རོགས་སྐྱོར་བྱེད་པའི་སྲིད་ཇུས།

  《ཁེར་སྐྱེས་བྱིས་པ་ཕ་མའི་གཟི་བརྗིད་དཔང་རྟགས》རང་འགུལ་གྱིས་བླངས་པ་དང་བུ་བུ་མོ་ལོ་ཧྲིལ་བོ14ལོན་པའི་ནང་གི་རོང་འབྲོག་པ་ཁྱིམ་ཚང་ལ་སྒོར6000ཐེངས་གཅིག་རང་བཞིན་གྱིས་བྱ་དགའ་སྟེར་བ་དང་། འབྲོག་ཁུལ་དུ་བུ་བུ་མོ་གསུམ་པ་མ་སྐྱེས་པའི་གྲངས་ཉུབ་མི་རིགས་འབྲོག་པ་ཁྱིམ་ཚང་ལ་སྒོར4000ཐེངས་གཅིག་རང་བཞིན་གྱིས་བྱ་དགའ་སྟེར་དགོས། ལོ་ཧྲིལ་བོ55ལོན་པ་དང་ད་ལྟ་བུ་བུ་མོ་གཅིག་ཡོད་པའམ་བུ་མོ་གཉིས་ཡོད་པ་དང་ཡང་ན་བུ་བུ་མོ་མེད་པའི་འཆར་ལྡན་བུ་སྐྱེའི་རོང་འབྲོག་པ་ཁྱིམ་ཚང་གི་ཕ་མ་དང་བཟའ་ཟླའི་ཕྱོགས་གཅིག་ནི་འཆར་ལྡན་བུ་སྐྱེའི་རོང་འབྲོག་པ་ཁྱིམ་ཚང་གི་ཕ་མ་ཡིན་ན། ལོ་རེར་མི་རེ་ལ་བྱ་དགའི་རོགས་སྐྱོར་མ་དངུལ་སྒོར1160ཤི་བ་བར་དུ་སྤྲོད་དགོས། གཅིག་སྐྱེས་བྱིས་པ་ཤི་ན་དེའི་ཕ་མ་ལོ་ཧྲིལ་བོ49ལོན་པའི་རོང་འབྲོག་པ་ཁྱིམ་ཚང་ལ། ལོ་རེར་མི་རེ་ལ་ཁྱད་དམིགས་རོགས་སྐྱོར་མ་དངུལ་སྒོར1620སྤྲད་ནས་ཤི་བ་བར་དུ་སྤྲོད་དགོས། ལུགས་གསར་ཞིང་སྡེ་འབྲོག་གྱི་སྤྱི་ཚོགས་རྒན་གསོའི་ཉེན་འགོག་ལ་ཞུགས་པའི་གཅིག་སྐྱེས་བྱིས་པའི་ཕ་མ་དང་བུ་མོ་གཉིས་ཀྱི་ཁྱིམ་ཚང་གི་ཕ་མ། གཅིག་སྐྱེས་བྱིས་པ་ཤི་བ་དང་དེ་མིན་ལོ་མང་པོར་མ་སྐྱེས་པ་དང་ད་ལྟ་བུ་བུ་མོ་མེད་པའི་ཕ་མ་བཅས་ལ། དངུལ་འཇལ་བའི་རྨང་གཞིའི་ཐོག་ལོ་རེར་མི་རེ་ལ་རྒན་གསོ་ཉེན་འགོག་གི་ཁ་གསབ་རོགས་དངུལ་སྒོར100ཡང་བསྐྱར་སྟེར་བ་དང་། རྒན་གསོ་ཉེན་འགོག་ཐད་མི་སྒེར་གྱི་རྩིས་ཐོར་འགོད་དགོས། 《མཚོ་སྔོན་ཞིང་ཆེན་གྱི་མི་གྲངས་དང་འཆར་ལྡན་བུ་སྐྱེའི་སྲོལ་ཡིག》གི་གཏན་ཕབ་དང་མཐུན་པ་ཡིན་ཚེ། བུ་མོ་གཉིས་སྐྱེས་རྗེས་རྩ་སྦུག་གཅོད་སྡོམ་བྱེད་ཐབས་དངོས་འབེབས་བྱས་པའི་རོང་འབྲོག་པ་ཁྱིམ་ཚང་དང་། བཟའ་ཟླ་ཕྱོགས་གཉིས་དང་ཡང་ན་ཕྱོགས་གཅིག་ནི་རང་ཞིང་རོང་འབྲོག་ཁུལ་གྱི་ཁྱིམ་ཐོ་ཡིན་པ་དང་། 《མཚོ་སྔོན་ཞིང་ཆེན་གྱི་མི་གྲངས་དང་འཆར་ལྡན་བུ་སྐྱེའི་སྲོལ་ཡིག》གི་གཏན་ཕབ་དང་མཐུན་ནས་བུ་མོ་གཉིས་སྐྱེས་པ་དང་བཟའ་ཟླ་ཕྱོགས་གཉིས་ཀྱི་ཕྱོགས་གཅིག་གིས་སྐྱེ་རྒྱུན་གཅོད་པའི་བཤགས་བཅོས་བྱས་པ་དང་། རྫོང(ཆུའུ)རིམ་པ་འཆར་ལྡན་བུ་སྐྱེའི་ཞབས་འདེགས་ལས་ཁུངས་ཀྱི་སྐྱེ་རྒྱུན་གཅོད་པའི་བཤགས་བཅོས་དཔང་ཡིག་ཁྱེར་མཁན་ལ། ཁྱིམ་ཚང་རེ་ལ་ཐེངས་གཅིག་རང་བཞིན་གྱིས་བྱ་དགའི་དངུལ་སྒོར1000སྟེར་དགོས། འཆར་ལྡན་བུ་སྐྱེའི་རོང་འབྲོག་པ་ཁྱིམ་ཚང་དུ་བུ་བུ་མོ་ཤི་ནས་ད་ལྟ་བུ་བུ་མོ་མེད་པ་དང་། བཟའ་ཟླ་ཡང་བསྐྱར་བྱིས་པ་མ་སྐྱེས་ལ་བུ་བུ་མོའང་ཉར་གསོ་བྱས་མེད་པར། བུ་བུ་མོ་ཤི་བའི་ལོ་ནས་བཟུང་། ལོ་རེར་ཁྱིམ་ཚང་རེ་ལ་སྒོར་600ལས་མི་ཉུང་བའི་རོགས་སྐྱོར་མ་དངུལ་སྤྲོད་པ་དང་། བྱ་དགའི་རོགས་སྐྱོར་གྱི་ལོ་ན་སོན་རྗེས་ཐད་ཀར་བྱ་དགའི་རོགས་སྐྱོར་བྱེད་ཁོངས་སུ་འཇོག་དགོས། རོང་འབྲོག་པའི་ཁེར་སྐྱེས་བྱིས་པ་དང་བུ་མོ་གཉིས་བསམ་ཡུལ་ལས་འདས་པའི་རྨས་སྐྱོན་བྱུང་ནས་རྒྱུན་ལྡན་གྱི་ངལ་རྩོལ་པ་བྱེད་མི་ཐུབ་པའི་ཁྱིམ་ཚང་དང་། བཟའ་ཟླ་ཡང་བསྐྱར་བྱིས་པ་མ་སྐྱེས་ལ་བུ་བུ་མོའང་ཉར་གསོ་བྱས་མེད་པར། ཁྱིམ་ཚང་རེ་ལ་རོགས་སྐྱོར་མ་དངུལ་སྒོར1000ནས4000བར་སྤྲོད་དགོས། བྱ་དགའི་རོགས་སྐྱོར་ལོ་ནར་སོན་རྗེས་ཐད་ཀར་བྱ་དགའི་རོགས་སྐྱོར་བྱེད་ཁོངས་སུ་འཇོག་དགོས། རོང་འབྲོག་པའི་བུ་བུ་མོ་གཉིས་ཀྱི་ཁྱིམ་ཚང་ནང་དུ་བཟའ་ཟླ་ཕྱོགས་གཅིག་གིས་རང་འདོད་ཀྱིས་སྐྱེ་རྒྱུན་གཅོད་པའི་བྱེད་ཐབས་ལག་བསྟར་བྱས་རྗེས། བུ་བུ་མོ་གཅིག་ཤི་བ་དང་བཟའ་ཟླ་ཡང་བསྐྱར་བྱིས་པ་མ་སྐྱེས་ལ་བུ་བུ་མོའང་ཉར་གསོ་བྱས་མེད་པ། 《ཁེར་སྐྱེས་བྱིས་པ་ཕ་མའི་གཟི་བརྗིད་དཔང་རྟགས》བླངས་པ་མ་ཟད་བུ་བུ་མོ་ལོ་ཧྲིལ་བོ14ཡན་དུ་བསླེབས་པར། ཁྱིམ་ཚང་རེ་ལ་རོགས་སྐྱོར་མ་དངུལ་སྒོར1000སྤྲོད་དགོས། བྱ་དགའི་རོགས་སྐྱོར་ལོ་ནར་སོན་རྗེས་ཐད་ཀར་བྱ་དགའི་རོགས་སྐྱོར་བྱེད་ཁོངས་སུ་འཇོག་དགོས། རོང་འབྲོག་པའི་ཁེར་སྐྱེས་བྱིས་པ་དང་བུ་མོ་གཉིས་ཀྱི་ཁྱིམ་ཚང་ནང་དུ་བཟའ་ཟླ་ཕྱོགས་གཅིག་གིས་རང་འདོད་ཀྱིས་སྐྱེ་རྒྱུན་གཅོད་པའི་བྱེད་ཐབས་ལག་བསྟར་བྱས་རྗེས། བཟའ་ཟླ་ཕྱོགས་གཅིག་བསམ་ཡུལ་ལས་འདས་པའི་རྨས་སྐྱོན་བྱུང་བའམ་དམིགས་བསལ་གྱི་ནད་ལྗིད་པོ་ཕོག་ནས་རྒྱུན་ལྡན་གྱི་ངལ་རྩོལ་བྱེད་མི་ཐུབ་པ་དང་། དེའི་བུ་བུ་མོ་ལོ་ཧྲིལ་བོ18མི་ལོན་པར། རྨས་སྐྱོན་རིམ་པ་ལྟར་ཐེངས་གཅིག་གིས་རོགས་སྐྱོར་མ་དངུལ་སྒོར1000ནས4000བར་སྤྲོད་པ་དགོས། བྱ་དགའི་རོགས་སྐྱོར་ལོ་ནར་སོན་རྗེས་ཐད་ཀར་བྱ་དགའི་རོགས་སྐྱོར་བྱེད་ཁོངས་སུ་འཇོག་དགོས། རོང་འབྲོག་པའི་ཁེར་སྐྱེས་བྱིས་པ་དང་བུ་མོ་གཉིས་ཀྱི་ཁྱིམ་ཚང་ནང་དུ་བཟའ་ཟླ་ཕྱོགས་གཅིག་གིས་རང་འདོད་ཀྱིས་སྐྱེ་རྒྱུན་གཅོད་པའི་བྱེད་ཐབས་ལག་བསྟར་བྱས་རྗེས། བཟའ་ཟླ་ཕྱོགས་གཉིས་ཤི་བ་དང་དེའི་བུ་བུ་མོ་ལོ་ཧྲིལ་བོ18མི་ལོན་པར། མཇུག་མཐའི་ཕྱོགས་གཅིག་ཤི་བའི་ལོ་ནས་བཟུང་ལོ་རེར་ཁྱིམ་ཚང་རེ་ལ་སྒོར2000ལས་མི་ཉུང་བའི་རོགས་སྐྱོར་མ་དངུལ་སྤྲོད་པ་དང་། དེའི་བུ་བུ་མོ་ལོ་ཧྲིལ་བོ18མ་ལོན་བར་དུ་སྤྲོད་དགོས།

  བཅུ་བདུན། འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་གི་སྲིད་ཇུས་མུ་མཐུད་དུ་ལག་ལེན་བསྟར་དགོས།

  རོང་འབྲོག་ཁུལ་གྱི་འོས་འགན་སློབ་གསོ་དུས་རིམ་གྱི་སློབ་མར་སློབ་ཡོན་བསྡུ་མི་དགོས་པ་དང་། སྤྱི་སྤྱོད་གྲོན་དངུལ་གྱི་འགན་སྲུང་ཆུ་ཚད་མཐོར་འདེགས་གཏོང་དགོས། དེའི་ནང་དུ་ཟི་ ལིང་གྲོང་ཁྱེར་དང་མཚོ་ཤར་ས་ཁུལ་དུ་ལོ་རེར་དམའ་རིམ་སློབ་ཆུང་གི་སློབ་མ་རེ་ལ་སྒོར580དང་དམའ་རིམ་སློབ་འབྲིང་གི་སློབ་མ་རེ་ལ780སྤྲོད་དགོས། མཚོ་བྱང་དང་མཚོ་ལྷོ། མཚོ་ནུབ་ཁུལ་དང་རྨ་ལྷོ་ཁུལ་གྱི་ཐུན་རིན་རྫོང་དང་གཅན་ཚ་རྫོང་དུ་ལོ་རེར་དམའ་རིམ་སློབ་ཆུང་གི་སློབ་མ་རེ་ལ་སྒོར610དང་དམའ་རིམ་སློབ་འབྲིང་གི་སློབ་མ་རེ་ལ་སྒོར810སྤྲོད་དགོས། ཡུས་ཧྲུའུ་དང་མགོ་ལོག རྨ་ལྷོ་ཁུལ་གྱི་རྩེ་ཁོག་རྫོང་དང་ཧོ་ནན་རྫོང་དུ་ལོ་རེར་དམའ་རིམ་སློབ་ཆུང་གི་སློབ་མ་རེ་ལ660དང་དམའ་རིམ་སློབ་འབྲིང་གི་སློབ་མ་རེ་ལ་སྒོར860སྤྲོད་དགོས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེལ་འོས་འགན་དུས་རིམ་གྱི་སློབ་མ་ཁྲི་ཚོ66ལ་སློབ་དེབ་འདོན་སྤྲོད་བྱེད་པར་གྲོན་དངུལ་བསྡུ་མི་དགོས་པ་དང་། ལོ་རེར་དམའ་རིམ་སློབ་ཆུང་གི་སློབ་མ་རེ་ལ་སྒོར90དང་དམའ་རིམ་སློབ་འབྲིང་གི་སློབ་མ་རེ་ལ་སྒོར180སྤྲོད་དགོས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་དུ་སློབ་ལོར་མ་ལོན་སྔོན་གྱི་ལོ་གཅིག་ལ་སློབ་གྲྭར(བྱིས་པ་ཁང)སློབ་སྦྱོང་བྱེད་མཁན་བྱིས་པར་གསོ་སྐྱོང་སློབ་ཡོན་བསྡུ་མི་དགོས་པ་དང་། ལོ་རེར་སློབ་མ་རེ་ལ་སྒོར1500ཡི་ཚད་གཞི་ལྟར་འཚོ་དངུལ་ཁ་གསབ་འདོན་སྤྲོད་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་འོས་འགན་སློབ་གསོ་དུས་རིམ་གྱི་དམའ་རིམ་སློབ་གྲྭ་འབྲིང་ཆུང་གི་སློབ་ཡོན་དང་བཅའ་སྡོད་གྲོན་དངུལ། དྲོད་ལེན་གྲོན་དངུལ་བཅས་བསྡུ་མི་དགོས་པ་དང་། རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་སློབ་ཚན་སློབ་དེབ་འདོན་སྤྲོད་བྱེད་པར་གྲོན་དངུལ་བསྡུ་མི་དགོསཔ་མ་ཟད། ད་དུང་ལོ་རེར་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་ས་ཁུལ་གྱི་དམའ་རིམ་སློབ་ཆུང་གི་བཅའ་སྡོད་སློབ་མ་རེ་ལ་སྒོར1000དང་དམའ་རིམ་སློ་འབྲིང་གི་བཅའ་སྡོད་སློབ་མ་རེ་ལ་སྒོར1250། མཚོ་བྱང་ཁུལ་དང་མཚོ་ནུབ་ཁུལ་གྱི་རྫོང་སོ་སོའི་དམའ་རིམ་སློབ་ཆུང་ལ་སྒོར1400དང་དམའ་རིམ་སློབ་འབྲིང་ལ་སྒོར1600། མཚོ་ལྷོ་ཁུལ་གྱི་རྫོང་སོ་སོ་དང་རྨ་ལྷོ་ཁུལ་གྱི་ཐུན་རིན་རྫོང་དང་གཅན་ཚ་རྫོང་གི་དམའ་རིམ་སློབ་ཆུང་ལ་སྒོར1500དང་དམའ་རིམ་སློབ་འབྲིང་ལ་སྒོར1700། ཡུས་ཧྲུའུ་ཁུལ་དང་མགོ་ལོག་ཁུལ་གྱི་རྫོང་སོ་སོ་དང་རྨ་ལྷོ་ཁུལ་གྱི་རྩེ་ཁོག་རྫོང་དང་ཧོ་ནན་རྫོང་གི་དམའ་རིམ་སློབ་ཆུང་ལ་སྒོར1600དང་དམའ་རིམ་སློབ་འབྲིང་ལ་སྒོར1800་བཅས་ཀྱི་ཚད་གཞི་ལྟར་འཚོ་དངུལ་ཁ་གསབ་འདོན་སྤྲོད་བྱེད་དགོས། ཞིང་སྡེའི་འོས་འགན་སློབ་གསོ་སློབ་མའི་འཚོ་བཅུད་ལེགས་བཅོས་འཆར་གཞི་ལག་བསྟར་བྱས་ཐོག ཟི་ལིང་གྲོང་ཁྱེར་གྱི་ཆུའུ་བཞི་ལས་གཞན་གྱི་ཞིང་སྡེའི(རྫོང་མཁར་གྱི་སློབ་གྲྭ་འདུས་མེད)འོས་འགན་སློབ་གསོ་དུས་རིམ་གྱི་སློབ་མར་ལ་ཉིན་རེར་སྒོར3(ལོ་ཧྲིལ་བོར་སྒོར600)གྱི་ཚད་གཞི་ལྟར་བཟའ་བཅའ་འཚོ་བཅུད་ཀྱི་ཁ་གསབ་འདོན་སྤྲོད་བྱེད་དགོས།

  བཅོ་བརྒྱད། རོང་འབྲོག་པ་གནས་སྤོས་ཏེ་གསོ་སྦྱོང་བྱེད་པའི་སྲིད་ཇུས།

  རོང་འབྲོག་ཁུལ་དུ་དམའ་རིམ་སློབ་འབྲིང་དང་་མཐོ་རིམ་སློབ་འབྲིང་ཡན་གྱི་སློབ་གཉེར་བརྒྱུད་རིམ་ཡན་ཆད་ལྡན་པ་དང་། མཐར་ཕྱིན་བྱས་རྗེས་ཕ་ཡུལ་དུ་ལོག་པའི་ན་གཞོན་ལ། རང་འདོད་ཀྱིས་མིང་ཐོ་འགོད་པའི་བྱེད་སྟངས་ལྟར་ལག་རྩལ་བཟོ་པའི་སློབ་གྲྭ་དང་ལས་རིགས་སློབ་གྲྭ་ཆེན་མོར་སློབ་ཡུན་ལས་རིགས་གསོ་སྦྱོར་ལ་ཞུགས་པར་གཅིག་གྱུར་གྱིས་རྩ་འཛུགས་བྱེད་དགོས། གསོ་སྦྱོང་ཁ་གསབ་རོགས་དངུལ་དེ་ནོར་སྲིད་ཀྱིས་ལས་ཞུགས་མ་དངུལ་ནང་ནས་བཀོད་སྒྲིག་བྱེད་དགོས། གསོ་སྦྱོང་བྱས་ཏེ་ལོ་གཅིག་དང་ལོ་གཉིས་སུ་ལོན་པ་ཡིན་ཕྱིན་ལ་ལོ་གཅིག་གི་ཁ་གསབ་དང་གསོ་སྦྱོང་བྱས་ཏེ་ལོ་གསུམ་དུ་ལོན་པར་ལོ་གཉིས་ཀྱི་ཁ་གསབ་སྤྲོད་པའི་ཆབས་ཅིག་ཏུ། རྒྱལ་ཁབ་ཀྱིས་ཟླ་རེར་མི་རེ་ལ་སློབ་ཞུགས་རོགས་དངུལ་སྒོར150ལོངས་སྤྱོད་བྱེད་དགོས། རོང་འབྲོག་ཁུལ་གྱི་ངལ་རྩོལ་པས་ལོ་རེར་དུས་ཐུང་གི་ལས་ཞུགས་གསོ་སྦྱོང་ཐེངས་གཅིག་གི་ཁ་གསབ་ལོངས་སྤྱོད་བྱེད་ཆོག རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རོང་འབྲོག་པས་དུས་ཐུང་ལག་རྩལ་གསོ་སྦྱོང་ལ་ཞུགས་སྐབས་ཉིན་རེར་འཚོ་དངུལ་ཁ་གསབ་སྒོར20ལོངས་སུ་སྤྱོད་ཆོག་པ་དང་། ཁུལ་ཕྱི་དང་ཞིང་ཆེན་ཕྱིར་གསོ་སྦྱོང་བྱས་ཚེ་འགྲིམ་འགྲུལ་དང་བཅའ་སྡོད་གྲོན་དངུལ་སོགས་ཁ་གསབ་བྱེད་དགོས། རོང་འབྲོག་པ་རང་ཉིད་ཀྱིས་སློབ་གྲྭ་རང་མོས་བདམས་ནས་ལག་རྩལ་གསོ་སྦྱོང་ལ་ཞུགས་པ་དང་། མི་སྒེར་གྱིས་སྔོན་ནས་གསོ་སྦྱོང་གྲོན་དངུལ་བཅལ་ནས་གསོ་སྦྱོང་ཚད་དང་མཐུན་རྗེས་ཁྱིམ་ཐོ་གནས་སའི་རྫོང(ཆུའུ)ལ་ཞུགས་པའི་དང་ནོར་སྲིད་སྡེ་ཁག་གིས་གཏན་ལ་ཕབ་པའི་ཚད་གཞི་གསོ་སྦྱོང་གྲོན་དངུལ་རྩིས་ཞུ་བྱེད་དགོས། གྲོང་ཁྱེར་དུ་ཞོར་ལས་གཉེར་བའི་རོང་འབྲོག་ཁུལ་གྱི་མི་སྣས་ཐེངས་དང་པོའི་ལས་རིགས་ལག་རྩལ་གསལ་འབྱེད་བརྒྱུད་པ་མ་ཟད་ལས་རིགས་ཐོབ་ཐང་དཔང་ཡིག་དང་ཡང་ན་ཆེད་ལས་ལས་རིགས་ནུས་རྩལ་དཔང་ཡིག་བླངས་ཚེ། ལོ་རེར་ཐེངས་གཅིག་རང་བཞིན་གྱི་ལག་རྩལ་གསལ་འབྱེད་ཁ་གསབ་ལོངས་སྤྱོད་བྱེད་ཆོག གྲོང་ཁྱེར་དུ་ཞོར་ལས་གཉེར་བའི་རོང་འབྲོག་ཁུལ་གྱི་མི་སྣས་ལོ་རེར་དངུལ་བསྡུ་མི་དགོས་པའི་ལས་རིགས་མཚམས་སྦྱོར་ཁ་གསབ་ཐེངས་གཅིག་གིས་ལོངས་སུ་སྤྱོད་ཆོག

  བཅུ་དགུ། ཁྱིམ་སྤྱོད་གློག་ཆས་དང་འབུད་ཚད་ཆུང་བའི་ཁྱོགས་འཁོར། འཕྲུལ་རྟ་བཅས་གྲོང་གསེབ་ཏུ་སྐྱེལ་བ་དང་རླངས་འཁོར་གསར་རྙིང་བརྗེ་བར་ཁ་གསབ་བྱེད་པའི་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱེད་དགོས།

  རོང་འབྲོག་པས་ཚོན་ལྡན་བརྙན་འཕྲིན་དང་འཁྱགས་སྒམ(འཁྱག་སྒྲོམ་འདུས་ཡོད)། ལག་ཁྱེར་ཁ་པར། གོས་འཁྲུད་འཕྲུལ་ཆས། རྩིས་འཁོར། དྲོད་སྙོམ་འཕྲུལ་ཆས། ཆུ་སྲོ་ཆས(ཆུ་གསོག་ཆུ་སྲོ་ཆས་དང་རླངས་འབར་ཆུ་སྲོ་ཆས། ཉི་གློག་ཆུ་སྲོ་ཆས་བཅས་འདུས་ཡོད)། ཕྲ་རླབས་ཐབ་ཀ། གློག་སྡུད་ཐབ་ཀ། གློག་ཤུགས་ཐབ་ཀ་བཅས་རིགས་བཅུའི་ཁྱིམ་སྤྱོད་གློག་ཆས་ཐོན་རྫས་ཉོས་ན། ཕྱིར་འཚོང་རིན་གོང་གི20%ལྟར་ཁ་གསབ་བྱེད་དགོས། རོང་འབྲོག་པས་འཕྲུལ་རྟ་ཉོས་ན་ཕྱིར་འཚོང་རིན་གོང་གི13%ལྟར་ཁ་གསབ་བྱེད་དགོས་ཤིང་། འཕྲུལ་རྟ་རེ་ཉོ་བའི་རིན་གོང་སྒོར5000ཡན་ཆད་དུ་བསླེབས་ན། བཅད་གྲངས་ལྟར་ཁ་གསབ་བྱེད་པ་དང་འཕྲུལ་རྟ་རེར་སྒོར650གསབ་དགོས། རོང་འབྲོག་པས་ཧྲེན1.6དང་ཧྲེན1.6མན་ཆད་ཀྱི་འབུད་ཚད་ཆུང་བའི་ཁྱོགས་འཁོར་ཉོས་ན། ཕྱིར་འཚོང་རིན་གོང་གི10%ལྟར་ཁ་གསབ་བྱེད་དགོས་ཤིང་། ཧྲེན1.6དང་ཧྲེན1.6མན་ཆད་ཀྱི་འབུད་ཚད་ཆུང་བའི་ཁྱོགས་འཁོར་རེ་ཉོ་བའི་རིན་གོང་སྒོར་ཁྲི་ཚོ5ཡན་ཆད་དུ་བསླེབས་ན། བཅད་གྲངས་ལྟར་ཁ་གསབ་བྱེད་པ་དང་ཁྱོགས་འཁོར་རེར་སྒོར5000གསབ་དགོས། ཆ་རྐྱེན་དང་མཐུན་པའི་རླངས་འཁོར་དེ་བེད་མེད་ཟུར་འཇོག་དང་ལྷུ་བཤིག་ཁེ་ལས་ལ་ཕྱིན་འཚོང་བྱས་པ་མ་ཟད་རླངས་འཁོར་གསར་བ་བརྗེ་ཉོ་བྱས་ན་རླངས་འཁོར་རེར་སྒོར5000ནས10000བར་གསབ་དགོས།

  ཉི་ཤུ། སྐྱེ་ཁམས་སྐྱིན་ཚབ་འཇལ་བའི་སྲིད་ཇུས་ལག་བསྟར་བྱེད་དགོས།

  རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་བྱེད་པར་ཁ་གསབ་དང་བྱ་དགའ་སྟེར་བའི་སྲིད་ཇུས་ལག་བསྟར་བྱས་ཏེ། ཕྱོགས་འཚོ་མི་ཆོག་པའི་ཁ་གསབ་ཚད་གཞི་ནི་མགོ་ལོག་དང་ཡུས་ཧྲུའུ་ཁུལ་དུ་མུའུ་རེར་སྒོར5ཡི་ཚད་གཞི་ལྟར་ལག་བསྟར་བྱེད་དགོས། མཚོ་ལྷོ་དང་མཚོ་བྱང་ཁུལ་གྱིས་མུའུ་རེར་སྒོར10གསབ་པ་དང་། རྨ་ལྷོ་ཁུལ་དུ་མུའུ་རེར་སྒོར14གསབ་པ། མཚོ་ནུབ་ཁུལ་དུ་མུའུ་རེར་སྒོར3གསབ་དགོས། རྩྭ་ཕྱུགས་དོ་མཉམ་ཐད་ལོ་རེར་མུའུ་རེར་སྒོར1.5ལྟར་བྱ་དགའ་སྟེར་དགོས། ཕྱུགས་ལས་ཐོན་སྐྱེད་ཐད་མཁོ་བའི་གཡག་ཐུག་དང་ལུག(ར་མ)ཐུག་སོན་བཟང་ལ་ཁ་གསབ་བྱེད་དགོས། ཕྱུགས་རྩྭ་སོན་བཟང་ལ་ཁ་གསབ་བྱས་ཐོག་ལོ་གཅིག་སྨིན་པའི་ཕྱུགས་རྩྭ་ལོ་རེར་མུའུ་རེར་སྒོར10ཁ་གསབ་དང་ལོ་མང་སྐྱེ་བའི་ཕྱུགས་རྩྭ་མུའུ་རེར་སྒོར50ཁ་གསབ་བྱེད་དགོས། ཕྱུགས་འཚོ་མི་ཆོག་པ་དང་རྩྭ་ཕྱུགས་དོ་མཉམ་འོས་འགན་ལག་བསྟར་བྱས་པའི་འབྲོག་པར། རྒྱལ་ཁབ་ཀྱི་ཁ་གསབ་ཚད་གཞི་ལྟར་ལོ་རེར་ཁྱིམ་ཚང་རེ་ལ་ཐོན་སྐྱེད་རྒྱུ་ཆའི་ཕྱོགས་བསྡུས་ཁ་གསབ་སྒོར500སྤྲོད་དགོས། ནགས་ཚལ་སྐྱེ་ཁམས་ཀྱི་ཕན་ནུས་སྐྱིན་ཚབ་འཇལ་བའི་སྲིད་ཇུས་ལག་བསྟར་བྱེད་པ་དང་། སྐྱིན་ཚབ་འཇལ་ཁོངས་དང་འཇལ་ཡུལ་ནི་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་སྤྱི་ཕན་ནགས་ཚལ་ནང་དུ་ཀྲུང་དབྱང་ནོར་སྲིད་ཀྱིས་ནགས་ཚལ་སྐྱེ་ཁམས་ཕན་ནུས་སྐྱིན་ཚབ་འཇལ་བའི་ཐེབས་རྩ་གཞི་ཁྱོན་གྱི་ནགས་ཚལ་ས་ཁུལ་དང་ནགས་ཚལ་ཐོར་བུ་ས་ཁུལ། རྩི་ཤིང་ནགས་ཁུལ(ནགས་འཛུགས་ས་ནགས་ཚལ་དུ་གྱུར་རྗེས་བརྟག་དཔྱད་ཞིབ་བསྡུར་བྱས་ཏེ་སྐྱིན་ཚབ་འཇལ་བའི་ཁྱབ་ཁོངས་ནང་དུ་འཇོག་པ)བཅས་ཡིན། དེའི་ནང་དུ་ཐུན་མོང་དང་མི་སྒེར་ལ་དབང་བའི་རྒྱལ་ཁབ་རིམ་པ་འི་སྤྱི་ཕན་ནགས་ཚལ་ལ་ཐུན་མོང་ནགས་དབང་ལམ་ལུགས་བཅོས་སྒྱུར་བྱས་པ་བརྒྱུད་དེ་ཐོན་དབང་གསལ་པོ་དང་ཁྱིམ་ཚང་དུ་འགན་གཙང་ལེན་བྱས་རྗེས། སྐྱིན་ཚབ་འཇལ་བའི་མ་དངུལ་ཁྱིམ་ཚང་དུ་ཐད་ཀར་གསབ་དགོས། སྐྱིན་ཚབ་འཇལ་བའི་ཚད་གཞི་ནི་ཐུན་མོང་དང་མི་སྒེར་ལ་དབང་བའི་རྒྱལ་ཁབ་རིམ་པའི་སྤྱི་ཕན་ནགས་ཚལ་ལོ་རེར་མུའུ་རེར་སྒོར9.75སྐྱིན་ཚབ་འཇལ་དགོས། རྒྱ་ཆེའི་རོང་འབྲོག་པ་མང་ཚོགས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་འབོད་སྐུལ་ཧུར་ཐག་གིས་དང་དུ་བླངས་ཏེ། སྲིད་ཇུས་རྒྱབ་སྐྱོར་དེ་ཐོན་སྐྱེད་གོང་དུ་སྤེལ་བའི་སྒུལ་ཤུགས་སུ་བསྒྱུར་ནས། མཐོ་སྒང་གི་ཁྱད་ཆོས་དང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཞིང་ཕྱུགས་ལས་ཤུགས་ཆེན་གྱིས་གོང་དུ་སྤེལ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བའི་འཛུགས་སྐྲུན་ཏན་ཏིག་གིས་སྐུལ་སྤེལ་བཏང་སྟེ། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན་བཅས་ལྡན་པའི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ཧུར་ཐག་གིས་བྱས་རྗེས་འཇོག་པར་རེ་བ་ཞུ་རྒྱུ་ཡིན།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།