མིག་སྲུང་དཔེ་དབྱིབས་དང་འོད་སྔོན་འགོག་པའི་མིག་ཤེལ་ལ་དོན་དམ་ཕན་ནུས་ཡོད་དམ།

ང་ཚོའི་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་ཁ་པར་དང་གློག་ཀླད། ipadསོགས་དང་འབྲལ་ཐབས་མེད་པ་རེད། མི་མང་པོའི་མིག་ཟུང་དུས་ཡུན་རིང་པོའི་ནང་གློག་རྡུལ་བརྙན་ཤེལ་དང་འཕྲད་པས་མིག་ཤེད་ཚད་ཆེན་པོས་དམའ་བར་ཕྱིན་པ་དང་། མིག་ཟུང་ལ་ཚད་མི་འདྲ་བའི་གནོད་སྐྱོད་ཐེབས་ཡོད་པ་རེད། 

མིའི་མིག་གིས་མཐོང་ཐུབ་པའི་རང་བྱུང་འོད་ཐིག་ནི་འོད་དམར་པོ་དང་། ལི་འོད། འོད་སེར་པོ། འོད་ལྗང་ཁུ། འོད་སྔོན་པོ། འོད་དམར། འོད་སྨུག་བཅས་ཁ་དོག་མི་འདྲ་བ་དེ་དག་ལས་གྲུབ་པ་དང་། མཐོང་ཚོར་གྱི་ངོས་ནས་འོད་མདོག་དཀར་པོའི་ཚོར་བ་སྟེར་གྱིན་ཡོད། མིག་སྔར་གློག་ཀླད་དང་ཁ་པར་སོགས་སུ་གློག་རྡུལ་བརྙན་ཤེལ་སྤྲད་ཡོད་པ་དང་། LEDསོགས་རྒྱུ་ཆའི་བརྙན་ཤེལ་ལས་བྱུང་བའི་འོད་ནི་གཙོ་བོ་དམར་པོ་དང་། ལྗང་གུ སྔོན་པོ་བཅས་ཀྱི་ཁ་དོག་གསུམ་ལས་གྲུབ་པ་མ་ཟད། དེ་དག་འོད་ཀྱི་ཆ་ཤས་གཙོ་བོར་གྱུར་ཡོད།

མིག་སྔར་ཁྲོམ་རའི་ཐོག་གི་འོད་སྔོན་འགོག་པའི་མིག་ཤེལ་གཙོ་བོའི་རྒྱུ་ཆ་དམིགས་བསལ་ཅན་ལ་བརྟེན་ནས་འོད་འཐོར་བར་བྱེད་པའམ་ཡང་ན་འོད་སྔོན་པོ་དེ་བསྡུ་ལེན་བྱེད་པ་ཡོད་མོད། འོན་ཀྱང་འོད་སྔོན་འགོག་སྲུང་ལ་ནོར་འཆུག་འབྱུང་སླ་ས་གཉིས་ཡོད་པ་ནི། འགོག་སྲུང་བྱེད་དགོས་སར་སྔོན་འགོག་བྱེད་མི་ཐུབ་པ་དང་། འགོག་སྲུང་བྱེད་ནོར་ཤོར་བའི་རྐྱེན་གྱིས་འོད་འཁྱོག་ནས་མཐོང་ཚོར་ཇེ་སྡུག་དང་མིག་ཟུག་ལ་ངལ་དུབ་སྦྱིན་གྱིན་ཡོད།

འོད་སྔོན་འགོག་པའི་མིག་ཤེལ་ཡང་མི་ཚང་མར་འཚམ་པ་ཞིག་མིན། དེ་ནི་དུས་ཡུན་རིང་བོར་གློག་རྡུལ་ཐོན་རྫས་སྤྱོད་མཁན་ཁོ་ནར་འཚམ་པ་དང་། མིག་ཟུང་ངལ་དུབ་ཅན་ལ་མི་འཚམ་ཞིང་། གཞོན་ནུ་ལོ་ཆུང་རྣམས་ཀྱིས་ཀྱང་དུས་ཡུན་རིང་བོར་གྱོན་མི་རུང་ལ། འོད་འགོག་མིག་ཤེལ་དེ་“ལུས་ཕུང་སྲུང་ཆས་”སུ་དེ་བས་ཀྱང་བརྩི་མི་རུང་།  །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།