ཆམ་པ་ཕོག་པའི་སྐབས་སུ་འོ་མ་འཐུང་མི་རུང་།

res04_attpic_brief.jpg

མི་མང་པོ་ཞིག་གིས་ཆམ་པ་ཕོག་པའི་སྐབས་སུ་འོ་མ་ཚ་མོ་འཐུངས་ན་ན་ཟུག་གཅོག་ཐུབ་པར་མ་ཟད།གཉིད་བདེ་བར་ཕན་པ་ཡོད་པར་འདོད་ཀྱིན་ཡོད།ཡིན་ནའང་དབྱིན་ཇིའི་ཞིབ་འཇུག་གསར་པ་ཞིག་ལས་མངོན་པ་ལྟར་ན།སྣ་ཆུ་བཞུར་བ་དང་ལུད་པ་མང་བ་སོགས་ཀྱི་ཆམ་པ་ཕོག་པའི་ནད་པས་འོ་མ་འཐུངས་ན་ནད་རྟགས་ཇེ་སྡུག་ཏུ་འགྲོ་བ་རེད།

དབྱིན་ཇིའི་ཧོ་ཐེ་ཧྥུའུ་ཏའེ་ཆོན་ལེ་སི་ཐི་སྨན་ཁང་གི་ཞིབ་འཇུག་ཚོགས་པས་མིད་པ་ན་བ་དང་ལུད་པ་མང་བ་སོགས་ཀྱི་ཆམ་པའི་ནད་རྟགས་མངོན་པའི་སྐྱེས་པ26དང་བུད་མེད82བཙལ་ཏེ་ཚོད་ལྟ་བྱས་པ་དང་།ཚོད་ལྟ་བྱས་པའི་དང་ཐོག་གི་ཉིན་གཉིས་ལ་ཚོད་ལྟ་བྱ་ཡུལ་རྣམས་ལ་འོ་མ་དང་ཆུར་བ།མར་སོགས་ཀྱི་འོ་བཟོས་དངོས་པོ་མི་འདུས་པའི་སྐོམ་ཆུ་འཐུང་དུ་བཅུག་པ་དང་།ཉིན་གསུམ་པ་ནས་དྲུག་པའི་བར་ད་གཟོད་མི་སྐོར་ཞིག་ལ་ཉིན་རེར་འོ་མ་ཧའོ་ཧྲིན350རེ་འཐུང་དུ་བཅུག་པ་དང་།སྐོར་གཞན་ཞིག་ལ་ཉིན་རེར་སྲན་ཁུ་ཧའོ་ཧྲིན350རེ་འཐུང་དུ་བཅུག་པ་རེད། འོ་མ་དང་སྲན་ཁུ་སོགས་ཀྱི་ནང་དུ་བྲོ་བ་གཞན་པ་བསྲེས་ཡོད་པས། ཚོད་ལྟ་བྱ་ཡུལ་རྣམས་ཀྱིས་རང་ཉིད་ཀྱིས་འཐུང་བཞིན་པ་དེ་ནི་ཅི་ཞིག་ཡིན་པ་མི་ཤེས། དེ་ནས་ནད་པ་ཡོངས་ཀྱི་ཉིན་རེའི་ནད་རྟགས་ཟིན་ཐོར་བཀོད་དེ།མིད་པའི་གཉན་ཚད་དང་ལུད་པའི་མང་ཉུང་སོགས་ལ་བརྟག་དཔྱད་བྱས།མཇུག་འབྲས་ལས་མངོན་པ་ལྟར་ན། དང་ཐོག་གི་ཉིན་གཉིས་པོར་ནད་པ་ཡོངས་ཀྱི་ནད་རྟགས་ཇེ་ཡང་དུ་སོང་བ་དང་།དེའི་རྗེས་ཀྱི་ཉིན་བཞི་པོར་སྲན་ཁུ་འཐུང་མཁན་གྱི་ནད་པའི་ནད་རྟགས་ཇེ་ཡང་དང་།འོ་མ་འཐུང་བའི་ནད་པ་རྣམས་ཀྱི་ནད་རྟགས་ཇེ་སྡུག་ཏུ་སོང་ནས་ཡང་བསྐྱར་སྣ་ཆུ་བཞུར་བ་དང་མིད་པ་ན་བ་སོགས་ཀྱི་ནད་རྟགས་མངོན་པ་རེད།

ཞིབ་འཇུག་འདི་ལ་ཞུགས་མཁན་གྱི་ལེ་སི་ཐི་སྨན་ཁང་གི་སྣ་རྣ་ཨོལ་གོང་ཚན་ཁག་གི་ཆེད་མཁས་པ་ཡ་ཏང•ཧྥེ་ལོ་ཧྲི་ཡིས་འགྲེལ་བཤད་བྱས་ཏེ་བཤད་རྒྱུར།འོ་མའི་ནང་དུA1β-ཆུར་སྤྲི་དཀར་འདུས་པས་དེས་ལུད་པ་འབྱུང་བའི་སྤྲི་དཀར་ཇེ་མང་དུ་བཏང་ནས།སྣ་ཆུ་དང་ལུད་པ་ཇེ་མང་དུ་བཏང་བའི་དབང་གིས་ཆམ་པ་ཇེ་ལྗིད་དུ་བཏང་བ་རེད།དེའི་རྐྱེན་གྱིས་ཆམ་པ་ལྗིད་མོ་ཕོག་པའི་ནད་པས་འོ་མའི་རིགས་ཀྱི་ཟས་རིགས་མི་བཟའ་བར་བྲོ་རྫས་ཉུང་བའི་ཟས་རིགས་འདེམ་དགོས་སོ། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།