སྲོལ་རྒྱུན་གྱི་བདེ་ཐང་ཟས་སྤྱོད་ཐབས་ལམ།

1.མཆིན་ནད་ཀྱི་སྔོན་འགོག མཆིན་ནད་སྔོན་འགོག་བྱ་ཆེད། ཚ་སྐྱུར་ཟས་དང་དྲག་ཤུལ་གྱི་སྤྱོད་ལམ་སོགས་ཐལ་དྲགས་པ་སྤང་དགོས་ལ། ལྷག་པར་དུ་མཆིན་ནད་ལྡེམ་བུའི་ནད་པས་ཟས་སྤྱོད་གཟབ་ནན་བྱ་དགོས།། མཆིན་ནད་རྙིང་པར་གྱུར་ན་མ་གཏོགས་མི་ཚོར་བས་སྔོན་ནས་བརྟག་དཔྱད་བྱས་ཏེ་བྱ་ར་བྱ་རྒྱུ་གལ་ཤིན་ཏུ་ཆེའོ།།

2.མཆེར་ནད་ཀྱི་སྔོན་འགོག མཆེར་ནད་ཀྱི་སྔོན་འགོག་བྱ་ཐབས་ནི། མ་ཞུ་བའི་ནད་སྔོན་འགོག་བྱ་རྒྱུ་དང་རླན་གྲང་ཡུལ་དུ་སྡོད་པ་དང་ལས་ཀ་བྱེད་པ། ལུས་ཀྱི་བྱ་བ་དྲག་ཤུལ་ཐལ་དྲགས་པ་སོགས་སྤང་དགོས།།

3.མཁལ་ནད་ཀྱི་སྔོན་འགོག མཁལ་ནད་མི་འབྱུང་བ་བྱ་ཆེད། མཁལ་རྐེད་ཡུལ་དུ་བརྡབ་པ་དང་། ལྗིད་མི་ཐེག་པའི་ཁུར་ཆེན་པོ་ཁུར་བ་དང་བཏེགས་པ། རླན་སྟེང་དུ་འདུག་ཡུན་རིང་བ་དང་། ཆུ་ནང་དུ་ལས་ཡུན་རིང་བྱེད་པ་སོགས་སྤང་དགོས།།

4.ཕོ་བའི་ནད་ཀྱི་སྔོན་འགོག ཕོ་བའི་ནད་མི་འབྱུང་ཆེད། ངལ་དུབ་ཆེ་དྲགས་པ་དང་། རླན་གྲང་ཡུལ་དུ་བསྡད་དྲགས་པ། ཁ་ཟས་བཟའ་ཆེས་པ་དང་། ཁ་ཟས་མི་འཕྲོད་པ་སོགས་ལ་འཛེམ་དགོས།།

5.ཕོ་མཚན་ནད་ཀྱི་སྔོན་འགོག ཕོ་མཚན་ནད་སྔོན་འགོག་བྱ་ཆེད། ཆགས་པ་གང་བྱུང་དུ་སྤྱད་པ་དང་སྤྱད་དྲགས་པ། ཕོ་མཚན་ལ་གྲ་མས་རེག་པ། བཤང་བ་དང་གཅིན་པ། ཁུ་བ་བཅས་ཀྱི་ཤུགས་བཀག་དྲགས་པ་དང་བཙིར་དྲགས་པ་སོགས་སྤང་དགོས།།

6.མོ་མཚན་ནད་ཀྱི་སྔོན་འགོག མོ་མཚན་ནད་སྔོན་འགོག་བྱ་ཆེད། ཉལ་པོ་གང་བྱུང་དུ་སྤྱད་པ་དང་མང་དུ་སྤྱད་པ། ཟླ་མཚན་ལྡན་དུས་ཉལ་པོ་སྤྱད་པ། མངལ་ཁྲག་ཟགས་པ་དང་། བུ་བཙས་རྗེས་ལ་ཟས་སྤྱོད་ལོག་པ་སོགས་སྤང་དགོས།།

7.སྐོམ་དད་ནད་ཀྱི་སྔོན་འགོག སྐོམ་ནད་ཀྱི་ནད་མི་འབྱུང་ཆེད། ཆང་མང་དུ་བཏུང་བ་དང་ཚྭ་ཆེ་དྲགས་པ། ཚད་གུང་ངལ་དུབ་སྤྱད་རྗེས་སྐོམ་ཆུ་མང་དུ་བཏུང་བ་སོགས་ཀྱིས་ཁོང་ཚད་བསྡུས་ནས་མཁྲིས་པ་བསྐྱེད་པ་གཟབ་དགོས།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།