སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་བ་པེ་ཅིན་ནས་བསྡུས།

871992a4fb8a1ee2626d597b6d2033dd.jpg

སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་བ་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྲོས་ཚོགས་སུ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་བ་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་ནས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་འཆར་ཟིན་དང་། སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གྲོས་དོན་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་གྲོས་དོན་ཞིབ་བཤེར་གནས་ཚུལ་སྐོར་གྱི་སྙན་ཞུའི་འཆར་ཟིན། སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གྲོས་དོན་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་ཆབ་སྲིད་གྲོས་ཆོད་འཆར་ཟིན་བཅས་ལ་གྲོས་འཆམ་བྱུང་།

གྲོས་ཚོགས་ནས་གོང་གི་ཡིག་ཆའི་འཆར་ཟིན་ཟླ་གསུམ་པའི་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར་བསྡུས་པའི་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་མཇུག་རྫོགས་པའི་ཚོགས་འདུར་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ་ཐག་བཅད། ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར། ཡུས་ཀྲིན་ཧྲིན་གྱིས་མགོ་འཛིན་མཛད་དེ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གྲོས་ཚོགས་ཐེངས་ཞེ་གཉིས་པ་བསྡུས།

གྲོས་ཚོགས་ནས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བའི་ཚང་འཛོམས་གྲོས་ཚོགསདང་ཚན་ཆུང་བགོས་པའི་གྲོས་ཚོགས་ཀྱི་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་ཡར་ཞུར་ཉན་པ་མ་ཟད། སྙན་ཞུ་དང་གྲོས་ཆོད་འཆར་ཟིན་སྣ་ཚོགས་ལ་གྲོས་ཞིབ་བྱས། སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བས་གྲོས་རིམ་དང་ཉིན་རིམ་བཀོད་སྒྲིག་ལྟར་བྱ་བ་སྣ་ཚོགས་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བ་དང་འཕེལ་རིམ་བདེ་བླག་རེད། ཨུ་ཡོན་རྣམས་ཀྱིས་ནན་ཏན་སྒོས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་གྲོས་དོན་བྱ་བའི་གནས་ཚུལ་སྐོར་གྱི་ཡར་ཞུ་དང་གྲོས་ཆོད་འཆར་ཟིན་སྣ་ཚོགས་ལ་གྲོས་ཞིབ་བྱས་པ་མ་ཟད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་ཟུང་དུ་སྦྲེལ་ཏེ་སྲིད་གྲོས་བྱ་བར་གྲོས་བསྡུར་བྱས་ཤིང་། ཉིས་སྟོང་བཅོ་ལྔ་ལོའི་སྲིད་གྲོས་བྱ་བ་སྣ་ཚོགས་ཐད་ལ་བླངས་པའི་གྲུབ་འབྲས་དང་འཕེལ་རིམ་གསར་བར་ཁས་ལེན་གང་ལེགས་བྱས་པ་དང་། མི་དམངས་སྲིད་གྲོས་དེ་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་དང་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱེད་པར་བསམ་འཆར་དང་གྲོས་གཞི་བཟང་བོ་བཏོན་ཡོད་ཟེར།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།