དབང་ལྡན་བྱམས་པའི་བརྙན་པར་བདམས་བཀོད། ཁག་གསུམ་པ།



གངས་འོད་དཀར་རམ་དབང་ལྡན་བྱམས་པ་ནི། སྤྱི་ལོ1991ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་དབུས་གཞུང་ཐར་ཤུལ་སྡེ་བར་སྐྱེས།ཆུང་དུས་ནས་སློབ་གྲྭར་འགྲིམས་པའི་སྐལ་བ་མ་ལྡན་ཀྱང་།ཕ་ཡུལ་གྱི་སྲོལ་རྒྱུན་དང་གོམས་གཤིས་ལ་རྒྱུས་ལོན་བྱེད་པར་སྤྲོ་བའི་ཤ་དར་ཁྲག་དར་ཅན་གྱི་འབྲོག་པ་ཤ་སྟག་ཅིག་ཡིན། སྤྱི་ལོ2009ལོ་ནས་བཟུང་པར་ལེན་སྒྱུ་རྩལ་གྱི་ལས་སུ་ཞུགས་ཤིང་། སྤྱི་ཚོགས་སྟེང་ཆེས་དགའ་བསུ་ཐོབ་པའི་པར་དང་འོད་སྡེར་སོགས་ཀྱི་བརྙན་ལེན་པ་དང་པར་ལེན་པ་བྱས་མྱོང་། གཞུང་སྒེར་གང་རུང་གི་པར་རིས་གཤམ་སྟོན་གང་མང་ལ་ཞུགས་ཤིང་། དེ་དག་གི་ཁྲོད་ནས་2018ལོའི་རྒྱལ་སྤྱིའི་ན་གཞོན་པར་ལེན་འགྲན་སྡུར་ཁྲོད་ཕུལ་བྱུང་བྱ་དགའ་སོགས་ཐོབ། དུས་དེབ་སྣ་ཚོགས་ཀྱི་རྒྱབ་ཤོག་དང་ཕྱི་ཤོག་སྟེང་པར་རིས་སྣ་མང་བཀོད་མྱོང་ལ། ད་དུང་ཁམས་པའི་ཚགས་པར་སྟེང་ལའང་ཁོའི་པར་རིས་སྒྱུ་རྩལ་བདམས་ཐོན་བྱུང་མྱོང་། ད་ལྟ་ཀྲུང་གོའི་དམངས་སྲོལ་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི་དང་། མཚོ་སྔོན་ཞིང་ཆེན་པར་ལེན་མཐུན་ཚོགས། མགོ་ལོག་ཁུལ་པར་ལེན་མཐུན་ཚོགས། གངས་ཕྲུག་པར་ལེན་རུ་བའི་ཚོགས་མི་བཅས་ཡིན།

དཔྱད་མཆན 0 ཡོད།