བདེ་ཆེན་ཁུལ་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་འགོ་ཚུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་སྔོན། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དོན་འཁྱོལ་མཐར་ཕྱིན་བྱས་ནས། རྒྱལ་ཡོངས་ཆེས་མཛེས་པའི་བོད་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྒྲོག་འགྲེལ་བྱེད་སྒོ་དེ་ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་སྙན་ཞུ་ཁང་ནས་འགོ་ཚུགས། བྱ་འགུལ་ཐོག་ནན་གྱིས་བསྟན་དོན། ཁུལ་ཡོངས་གོང་འོག་གིས་སྔར་ལས་ལྷག་པའི་སྒོ་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དོན་འཁྱོལ་མཐར་ཕྱིན་བྱེད་དགོས་པ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་སྤྱིའི་བཀོད་སྒྲིག་ལྟར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་མཐོར་འདེགས་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་ལག་བསྟར་བྱེད་དགོས་པ་དང་། ཏང་ཨུ་དང་སྲིད་གཞུང་གིས་ཁྲིམས་ལྟར་ཁོར་ཡུག་ལས་དོན་དོ་དམ་དང་སྤྱི་ཚོགས་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་བ། ཁེ་ལས་དང་སྤྱི་དམངས་ཀྱི་ཁོར་ཡུག་ཁྲིམས་འཛིན་འདུ་ཤེས་ཟབ་ཏུ་གཏོང་བ། རི་ལྗང་ཆུ་དྭངས་ནི་གསེར་རི་དངུལ་རི་ལས་ལྷག་ཞེས་པའི་འདུ་ཤེས་བརྟན་པོ་བཙུགས་ནས། ཀྲུང་དབྱང་དང་། ཞིང་ཆེན། ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་མཐར་ཕྱིན་བྱས་ནས། རྒྱལ་ཡོངས་ཀྱི་ཆེས་མཛེས་པའི་བོད་ཁུལ་འཛུགས་སྐྲུན་ལ་སྐྱེ་ཁམས་ཁོར་ཡུག་གི་རམ་འདེགས་མཁོ་འདོན་བྱེད་རྒྱུ།

བྱ་འགུལ་ཐོག་ཁུལ་ཨུའི་ཏང་གི་སློབ་གྲྭའི་དཔལ་འབྱོར་དོ་དམ་གྱི་དགེ་རྒན་ཆེན་མོ་གཞོན་པ། ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པའི་རྐང་འཛིན་ཁོངས་མི་ཧྲི་ཧའེ་ཕེང་གིས་ཆེད་དོན་འཆད་འཁྲིད་བྱས་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་སྒྲོག་འགྲེལ་བྱ་འགུལ་ལ་ནང་དོན་ཁག་གཉིས་ཡོད་དེ། གཅིག་ནི་ཟླ11པའི་ཚེས3ཉིན་གྱི་སྔོན་དུ་ཁུལ་རིམ་པ་དང་རྫོང་དང་གྲོང་ཁྱེར་རིམ་པ། གསར་སྤེལ་ཆུས་བཅས་སུ་ཆེད་དོན་འཆད་འཁྲིད་ཐེངས་5སྤེལ་དགོས། གཉིས་ནི་ཟླ11པའི་ཚེས3ཉིན་ནས་ཚེས19ཉིན་བར། ཡུན་ནན་ཞིང་ཆེན་རྒྱལ་ཁབ་ལས་བྱེད་པའི་ཁྲིམས་སློབ་ཁྲིམས་སྤྱོད་རྒྱུགས་སྤྲོད་སྟེགས་བུ་བརྒྱུད་ནས། ཏང་ཨུ་དང་སྲིད་གཞུང་ལས་ཁུངས་ཀྱི་ཨུ་ལྷན་དང་གཞུང་དོན་ཁང་དང་ཅུས་ཁག་དང་། མི་དམངས་ཚོགས་པ། ཁུལ་གཏོགས་ཁེ་ལས་དང་བྱ་བཞག་སྡེ་ཚན་སོགས་ཀྱི་ཁུལ་ཡོངས་ཀྱི་རིམ་པ་ཁག་གི་སྡེ་ཁག་སོ་སོའི་ལས་བྱེད་མི་སྣས་སྐྱེ་ཁམས་ཁོར་ཡུག་སྲིད་ཇུས་དང་ཁྲིམས་སྲོལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འབྲེལ་ཡོད་ཤེས་བྱ་རྒྱུགས་ལེན་རྒྱུ་ཡིན་པ་མ་ཟད། ལས་ཁུངས་ཁག་གི་ཚོགས་ཞུགས་ཚད་དང་རྒྱུགས་ཞུགས་ཚད་ནི2018ལོའི་བདེ་ཆེན་ཁུལ་ཁྲིམས་སྐྱོང་དྲིལ་བསྒྲགས་དང་སློབ་གསོའི་ལས་ཀ་དང་“བཅའ་ཁྲིམས་ཤེས་བྱ་ས་ཆ་བདུན་ལ་གཤམ་སྤེལ་”ཞེས་པའི་བྱ་འགུལ་གྱི་དཔྱད་ཞིབ་ནང་དོན་ནང་ཚུད་པར་བྱེད་རྒྱུ་ཡིན་པ་རེད། །
                           

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།