སེམས་ཀྱི་ཉི་ཟླའི་དྲ་བར་རྒྱལ་ཡོངས་གྱི་བྱ་དགའ་ཆེན་མོ་ཞིག་རེག་འདུག

wa_153068747517679.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཡོངས་འཕྲིན་དྲའི་སྨྱན་སྦྱོར་མནའ་འབྲེལ་གྱིས་གཉེར་བའི་སྐབས་བརྒྱད་པའི་ཀྲུང་གོའི་དྲ་སྦྲེལ་སྤུས་རྟགས་བྱ་དགའ་སྤྲོད་པའི་མཛད་སྒོ་དང་སྐབས་གཉིས་པའི་སྨྱན་སྦྱོར་མཉམ་འདྲེས་གསར་པ་དང་སྨྱན་སྦྱོར་གྱི་མཐོ་རིམ་གླེང་སྟེགས་དེ་ནང་སོག་ཧུའུ་ལུན་པེ་ཨེར་གྲོང་ཁྱེར་ཀྲ་ལའེ་ནུའོ་ཨེར་ཁུལ་དུ་སྤེལ་བ་དང་། རྒྱལ་ཡོངས་ཀྱི་འཕྲིན་དྲའི་སྨྱན་སྦྱོར་ལས་ཁུངས་བརྒྱ་ལྷག་གི་འགན་འཁུར་པ་ལྷན་དུ་འཛོམས་ནས་སྨྱན་སྦྱོར་མཉམ་འདྲེས་གོང་འཕེལ་གྱི་འགྲོ་ལམ་གླེང་བ་རེད། ཡུན་ནན་ཞིང་ཆེན་གྱི་རང་ཡུལ་དྲ་བ3ལ་ཐེངས་འདིར་བྱ་དགའ་ཐོབ་པ་དང་། འདིའི་ཁྲོད་དུ་ཡུན་ནན་དྲ་བ་དང་སེམས་ཀྱི་ཉི་ཟླའི་དྲ་བ། ཏེ་ཧུང་དྲ་བ་སྨྱན་སྦྱོར་གསར་བའི་སྟེགས་བུ་ལག་ཐོག་གི་ཏེ་ཧུང་བཅས་གསུམ་ལ་ཀྲུང་གོའི་གསར་འགྱུར་དྲ་བ་﹙སྨྱན་སྦྱོར་གསར་བ﹚་ཀུན་གྱིས་ཡིད་ཆེས་བྱེད་ཚད་ཆེ་ཤོས་ལེགས་གྲས50ཡི་མིང་དུ་ཚུད་པའི་བྱ་དགའ་དང་།རྒྱལ་ཡོངས་ས་གནས་དྲ་ཚིགས་﹙སྨྱན་སྦྱོར་གསར་བ﹚་རང་ཡུལ་སྒྲོག་སྤེལ་ནུས་ཤུགས་ཆེ་ལྡན་གྱི་སྤུས་རྟགས་བྱ་དགའ། རྒྱལ་ཡོངས་སྨྱན་སྦྱོར་གསར་བ་མགྱོགས་ཤོས་འཚར་ལོངས་བྱུང་བའི་བྱ་དགའ་བཅས་ཐོབ་པ་རེད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་གཞུང་ཕྱོགས་དྲ་ཚིགས་ཀྱི་སྤྱི་ཁྱབ་ལྟ་ཞིབ་པ་དང་མི་དམངས་དྲ་བའི་གསར་འགོད་པ་ཆེ་ཤོས་ཞ་ཅུན། ཆིན་ཧྭ་སློབ་གྲྭའི་དགེ་རྒན་ཆེན་མོ་བ།གསར་འགྱུར་སྒྲོག་སྤེལ་རིགས་གཅིག་མཁས་ཅན་ཝང་ཅུན་ཁྲའོ།ཀྲུང་གོའི་སྨྱན་སྦྱོར་སློབ་ཆེན་གྱི་སྨྱན་སྦྱོར་གསར་བའི་ཁྲིམས་སྲོལ་དང་སྲིད་ཇུས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཝང་སི་ཞིན་བཅས་ཀྱིས་གླེང་སྟེགས་ཐོག་གསུངས་བཤད་གནང་ཡོད་དེ། ཀྲུང་ཕྱིའི་སྨྱན་སྦྱོར་མཉམ་འདྲེས་སྔོན་དཔག་དང་དབྱེ་ཞིབ། དུས་རབས་གསར་བའི་སྨྱན་སྦྱོར་གསར་བའི་སྒྲོག་སྤེལ།སྨྱན་སྦྱོར་གསར་བའི་ཁྲིམས་སྲོལ་དང་སྲིད་ཇུས་སོགས་ཀྱི་ཐད་ནས་གཏིང་ཟབ་ཀྱིས་དཔྱད་བསྡུར་བྱས་པ་རེད།

བར་སྐབས་སུ། དྲ་རྒྱའི་སྨྱན་སྦྱོར་བརྒྱ་ཡིས་ཀྲ་ལའེ་ནུའོ་ཨེར་དུ་གསར་འགྱུར་འོས་སྦྱོར་ཚོགས་འདུ་འཚོགས་པ་རེད། བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་ཚོགས་ཞུགས་འཐུས་ཚབ་མི་སྣས་བརྒྱུད་རིམ་ཧྲིལ་བོའི་བྱེད་སྒོར་ཞུགས་པ་མ་ཟད། ས་གནས་ཁག་གི་འཕྲིན་དྲའི་སྨྱན་སྦྱོར་ལས་ཁུངས་ཀྱི་འགན་ཁུར་བ་དང་མཉམ་དུ་སྨྱན་སྦྱོར་མཉམ་འདྲེས་ཀྱི་འཕེལ་རིམ་ཁྲོད་གྱི་ལག་ལེན་དང་ཉམས་མྱོང་སྤེལ་རེས་བྱས་པ་རེད།

སེམས་ཀྱི་ཉི་ཟླའི་དྲ་བ་(www.xgll.com.cn)ནི2008ལོའི་ཟླ4པར་དངོས་སུ་ཤར་གཏོང་བྱས་པ་དང་།ཀྲུང་གུང་བདེ་ཆེན་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་གནང་བ་དང་།ཀྲུང་གུང་བདེ་ཆེན་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡིས་གཙོ་གཉེར་བྱས་པ།བདེ་ཆེན་ཉིན་རེའི་ཚགས་པར་ཁང་གིས་སྒྲུབ་འགན་ཁུར་བ་རེད།མིག་སྔར་རྒྱ་ཡིག་དང་བོད་ཡིག་གི་དྲ་བ་ཡོད་པ་དང་།དྲ་རྒྱའི་སྟེང་རྒྱ་བོད་ཡིག་རིགས་གཉིས་ཀྱིས་ཕྱི་ལ་བདེ་ཆེན་གྱི་སྲིད་འབྱོར་རིག་གསུམ་ཁྱབ་བསྒྲགས་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།