སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྟའི་རིག་གནས་དངོས་མང་བཤམས་སྟོན་ཁང་གི་སྒོ་ཕྱེས་བ།

885c3184-bb83-4c42-bd47-31be6973c54d.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9ཚེས27ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་རྟ་ཐོག་མི་རིགས་ཀྱི་རྟའི་རིག་གནས་བརྗོད་བྱ་ཡིན་པའི་ཆེད་དོན་བཤམས་སྟོན་ཁང་ཐོག་མ་སྟེ།  སེམས་ཀྱི་ཉི་ཟླའི་དམངས་ཁྲོད་རྟའི་རིག་གནས་མངོན་མིན་ཤུལ་བཞག་རིག་གནས་བཤམས་སྟོན་ཁང་གི་སྒོ་དངོས་སུ་ཕྱེས།  བཤམས་སྟོན་ཁང་འདི་བསྐྲུན་པ་ཡིས་བདེ་ཆེན་ཁུལ་ལ་དུས་ཡུན་རིང་པོའི་ནང་རྟ་དང་། རྟ་ཐོག་ལུས་རྩལ། སྒ་སྲབ་ཆེད་དོན་འགྲེམས་ཁང་བ་སོགས་མེད་པར་ཁ་གསབ་བྱས་པ་མ་ཟད།  སྔར་ལས་ལྷག་པའི་སྒོ་ནས་སེམས་ཀྱི་ཉི་ཟླའི་གནས་སྐོར་གྱི་རིག་གནས་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་། རྒྱལ་ཁབ་ཕྱི་ནང་གི་རྒྱ་ཆེའི་ཡུལ་སྐོར་བ་རྣམས་ལ་སེམས་ཀྱི་ཉི་ཟླའི་ཡུལ་སྲོལ་གོམས་གཤིས་དང་། བོད་རིགས་དམངས་ཁྲོད་ཀྱི་འཚོ་བར་རོལ་མྱོང་བྱེད་པའི་སྐར་ཁུང་གསར་བ་ཞིག་ཕྱེས།

བཤམས་སྟོན་ཁང་འདི་ནི་རྟ་ལ་དུང་ཞེན་ཆེ་བ་དང་། རྟའི་རིག་གནས་ལ་དགའ་ཞེན་ཡོད་པ། རྟ་རྩལ་ལས་རིགས་སུ་མིང་གྲགས་ལྡན་པའི་སྐུ་ཞབས་ཚུའེ་ཅན་གོའམ་ནགས་བློ་བཟང་བདུན་གྱིས་མ་དངུལ་འབོར་ཆེན་བཏང་ནས་བསྐྲུན་པ་རེད། བཤམས་སྟོན་ཁང་གི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་དྲུག་བརྒྱ་ལྷག་དང་། འགྲེམས་སྟོན་ཚོམས་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་སུམ་བརྒྱར་ཉེ་བ་ཙམ་ཡོད། བཤམས་སྟོན་ཁང་དེ་འཚོ་ཁུལ་དང་། སྒ་ཆས། སྟན། ན་ཆུང་གེ་སར་རྒྱལ་པོ་སོགས་ཆེད་གཉེར་འགྲེམ་ཁུལ་འགར་དབྱེ་ཡོད་ལ། སྐུ་ཞབས་ཚུའེ་ཅན་གོ་ལགས་ཀྱིས་མི་ཚེ་ཕྱེད་ཀའི་སེམས་ཤུགས་སྤྱད་དེ་རྒྱལ་ཡོངས་ཀྱི་ས་ཆ་ཁག་ནས་འཚོལ་བསྡུ་བྱས་པའི་སྒ་སྲབ་རྩ་ཆེ200ལྷག་ཉར་ཚགས་བྱས་ཡོད་པ་འགྲེམ་སྟོན་བྱས། དེའི་ཁྲོད་འཚོ་བའི་ཁུལ་གྱིས་སྲོལ་རྒྱུན་གྱི་བོད་རིགས་ཁྱིམ་ཚང་གི་སྒྲིག་བཀོད་ལྟར། ཐོག་མེ་དོང་དང་། མཆོད་གཤོམ།  ཆུ་ལྷ་གཉེར་སོགས་ཅ་ལག་གཙོ་གནད་འགྲེམ་སྟོན་བྱས་ཏེ་བོད་རིགས་ཁྱིམ་ཚང་གི་འཚོ་བ་སླར་ཡང་མངོན་པར་བྱས། བོད་མི་རིགས་ཀྱི་ཉིན་རྒྱུན་འཚོ་བར་རྒྱུས་ལོན་དང་། བོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞིར་འཛིན་པའི་ནུས་པ་ཐོན་ཡོད། སྒ་སྲབ་ཆེད་གཉེར་འགྲེམ་ཁུལ་ཏུ་ཆིབས་ཆས་ཆ་ཚང་དང་།  གདན་ཆ་ཚང། གེ་སར་སྒྲུང་དང་ངག་རྒྱུད་དང་ཟུང་འབྲེལ་བྱས་ཏེ་ཇ་རྟ་གནའ་ལམ་གྱི་ཚོང་བའི་འཚོ་བའི་སྤྱོད་ཆས་བཅས་ཡོད་ལ། དེའི་བོད་རིགས་རྟའི་རིག་གནས་གཏིང་ཟབ་རྒྱ་ཆེ་བ་དང་ཇ་རྟ་གནའ་ལམ་གྱི་ལོ་རྒྱུས་འགྲེམས་སྟོན་བྱས། གཞན་ཡང་། དངོས་མང་བཤམས་སྟོན་ཁང་གིས་ད་དུང་བོད་རིགས་ཐོན་སྐྱེད་འཚོ་བའི་སྤྱོད་ཆས་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཡོ་བྱད་སོགས་ས་ཁུལ་གྱི་མཚོན་རྟགས་ངེས་ཅན་འདྲེས་པའི་ལོ་རྒྱུས་ཀྱི་དངོས་པོ་ཁག་གཅིག་ཉར་ཚགས་བྱས་ཡོད།

c5683e74-bb81-472d-825d-e9e5f5bd2d6e.jpg

སེམས་ཀྱི་ཉི་ཟླའི་དམངས་ཁྲོད་རྟའི་རིག་གནས་མངོན་མིན་ཤུལ་བཞག་རིག་གནས་བཤམས་སྟོན་ཁང་འདི་ནི་སྐུ་ཞབས་ཚུའེ་ཅན་གོའམ་ནགས་བློ་བཟང་བདུན་གྱིས་རྟའི་རིག་གནས་དར་སྤེལ་དང་ཁྱབ་སྤེལ་ཏུ་གཏོང་ཆེད་ལག་ལེན་བྱས་བའི་བྱ་ཐབས་གལ་ཆེན་ཞིག་ཡིན།  དེ་སྔོན།  ཁོང་གིས་བཙུགས་པའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡ་ལ་སོ་དམངས་ཁྲོད་རྟ་བཞོན་སྤྲོ་སྐྱིད་ཁང་གིས་རྒྱུན་ལྡན་རང་བཞིན་གྱི་རྟ་རྩལ་ངོམས་པའི་འཁྲབ་སྟོན་སྤེལ་བ་མ་ཟད། ད་དུང་ཞིང་ཆེན་ཕྱི་ནང་གི་འགྲན་བསྡུར་ཆེ་གྲས་ཁྲོད་བྱ་དགའ་གང་མང་ཐོབ་མྱོང་། དེང་ཕྱིན། སྐུ་ཞབས་ཚུའེ་ཅན་གོ་ནགས་བློ་བཟང་བདུན་དང་ཁོའི་རྟ་རིག་གནས་བཤམས་སྟོན་ཁང་གིས་ཤུལ་བཞག་རིག་གནས་སྲུང་སྐྱོང་རྒྱུན་འཛིན་དང་། སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བའི་དམིགས་ཡུལ་བཟུང་ནས་མུ་མཐུད་དུ་རྟ་གཙོ་བྱས་ཏེ་རྟའི་རིག་གནས་ཁྱབ་སྤེལ་དང་། བསམ་བློ་བརྗེ་རེས་ཀྱི་བྱེད་སྒོ། བསྡུ་རུབ། རྟ་རིག་གནས་དང་འབྲེལ་བའི་དངོས་པོ་རྩ་ཆེན་སྔོག་འདོན་རྒྱ་ཆེར་སྤེལ་ནས་བཤམས་སྟོན་ཁང་གི་གསོག་ཉར་དངོས་རྫས་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་རེད། 

གནས་ཚུལ་ཕྱིར་བསྒྲགས་བྱས་པ་ལྟར་ན། སྐུ་ཞབས་ཚུའེ་ཅན་གོ་ནགས་བློ་བཟང་བདུན་གྱིས་ད་ལྟ་བདེ་ཆེན་རྟ་རྩལ་སྦྱོང་བརྡར་རྟེན་གཞི་འཛུགས་སྐྲུན་བྱེད་པའི་འཆར་འགོད་བཟོ་བཞིན་པའི་སྒང་ཡིན་ལ། ཁོས་བོད་རིགས་ཀྱི་རྟ་རྩལ་གནམ་འོག་ཏུ་དར་སྤེལ་གཏོང་བའི་རྒྱང་རིང་གི་དམིགས་འབེན་མངོན་འགྱུར་འབྱུང་བའི་རེ་འདུན་བཟུང་ཡོད། །                                     

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།