བོད་ལྗོངས་ཉིང་ཁྲིའི་ཁྲོན་བོད་གཞུང་ལམ་འགྲམ་གྱི་ཐོན་ལས་བྲིན་པོ།

138059695_15578860125771n.jpg

    འདི་ནི་ཁྲོན་བོད་གཞུང་ལམ་འགྲམ་གྱི་བཅུ་འཕར་གྲོང་ཚོའི་འབྲི་ཏ་ས་འཛིན་གྱི་འདེབས་འཛུགས་དྲོད་ཁང་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིང་ཁྲི་གྲོང་ཁྱེར་ནས་ཕྱིར་བུད་རྗེས་ཁྲོན་བོད་གཞུང་ལམ་རྒྱུད་དེ་ནུབ་ཕྱོགས་སུ་སྤྱི་ལེ30ལྷག་བསྐྱོད་པ་ན་དགུན་ཚང་མོན་པ་མི་རིགས་ཤང་བཅུ་འཕར་གྲོང་ཚོའི་འབྲི་ཏ་ས་འཛིན་རྟེན་གཞིར་སླེབས་པ་རེད།

སྔོན་ཆད། བཅུ་འཕར་གྲོང་ཚོའི་ཡོང་སྒོ་གཙོ་བོ་ནི་སྡོང་ཤིང་གཅོད་པ་དང་བེ་ཤ་རྐོ་བར་བརྟེན་པ་ཡིན། བོད་ལྗོངས་ཀྱིས་ཕྱོགས་ཡོངས་ནས་རང་བྱུང་ནགས་ཚལ་ལ་སྲུང་སྐྱོང་བྱེད་པའི་ལས་གཞི་ལག་བསྟར་བྱས་རྗེས། བཅུ་འཕར་གྲོང་ཚོའི་མང་ཚོགས120ལྷག་ལ་དཔལ་འབྱོར་གྱི་ཡོང་སྒོ་མེད་པར་གྱུར།

ཐེངས་མང་པོར་རིམ་སྤར་དང་བསྒྱུར་བཀོད་བྱས་པ་བརྒྱུད། ཁྲོན་བོད་གཞུང་ལམ་ལ་རླངས་འཁོར་ཤར་གཏོང་བྱེད་པའི་ཁྱད་ཆོས་ལེགས་པོ་དང་བདེ་འཇགས་ཀྱི་ཚད་གཞིར་ལོན་པའི་ཆ་རྐྱེན་འཛོམས་པས། བཅུ་འཕར་གྲོང་ཚོས2007ལོ་ནས་བཟུང་ཁྲོན་བོད་གཞུང་ལམ་ལ་བརྟེན་ནས་འབྲི་ཏ་ས་འཛིན་འདེབས་འཛུགས་བྱས་པ་དང་། རིམ་བཞིན་དྲོད་ཁང་འཛུགས་སྐྲུན་འཕེལ་རྒྱས་སུ་བཏང་ནས། འབྲི་ཏ་ས་འཛིན་འདེབས་འཛུགས་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད།

ད་ལྟ། གྲོང་ཚོ་རུ་ཁྱིམ་ཚང28ལ་ཁྱིམ་ཚང་རེར་དྲོད་ཁང་གཉིས་ཀྱི་ཚད་གཞི་ལྟར་གཅིག་གྱུར་དུ་ལྕགས་སྒྲོམ་སྒྲིག་གཞིའི་དྲོད་ཁང་ལས་ཡོད་དེ་ས་ཞིང་མུའུ50ལྷག་ཟིན་ཡོད། ན་ནིང་། དྲོད་ཁང་རེར་ཆ་སྙོམས་སུ་འབྲི་ཏ་ས་འཛིན་ཀྱི་ཐོན་ཚད་རྒྱ་མ800ལ་སླེབས་པ་དང་། གྲོང་ཚོ་ཡོངས་ཀྱིས་ལོ་ཧྲིལ་བོར་འབྲི་ཏ་ས་འཛིན་འདེབས་འཛུགས་བྱས་པའི་ཡོང་སྒོ་སྒོར་ཁྲི185ལ་སླེབས་ཡོད། བྲོ་བ་ཞིམ་པོ་ཡིན་པའི་འབྲི་ཏ་ས་འཛིན་གསར་བ་ཁྲོན་བོད་གཞུང་ལམ་རྒྱུད་དུས་ཡུན་ཐུང་ངུའི་ནང་མཐོ་སྒང་གི་སྤྱིར་བཏང་མང་ཚོགས་ཀྱི་ཁྱིམ་དུ་འབྱོར་ཡོད་པ་རེད། 

138059695_15578860126161n.jpg

      འདི་ནི་ཁྲོན་བོད་གཞུང་ལམ་འགྲམ་གྱི་བཅུ་འཕར་གྲོང་ཚོའི་འབྲི་ཏ་ས་འཛིན་གྱི་འདེབས་འཛུགས་དྲོད་ཁང་རེད།

138059695_15578860126561n.jpg

འདི་ནི་ཟླ5བའི་ཚེས14ཉིན་བཅུ་འཕར་གྲོང་ཚོའི་གྲོང་མི་བཀྲ་ཤིས་ལྷ་མོས་ཁྲོན་བོད་གཞུང་ལམ་འགྲམ་དུ་འབྲི་ཏ་ས་འཛིན་བཙོང་བཞིན་པའི་ཚུལ་རེད།

138059695_15578860126941n.jpg

འདི་ནི་ཟླ5བའི་ཚེས14ཉིན་བཅུ་འཕར་གྲོང་ཚོའི་གྲོང་མི་ཆོས་སྒྲོན་དང་ཉི་མ་ཆོས་སྐྱིད་གཉིས་ཀྱིས་དྲོད་ཁང་དུ་འབྲི་ཏ་ས་འཛིན་འཐོག་བཞིན་པའི་ཚུལ་རེད།

138059695_15578860127301n.jpg

འདི་ནི་ཟླ5བའི་ཚེས14ཉིན་བཅུ་འཕར་གྲོང་ཚོའི་མང་ཚོགས་ཀྱིས་དྲོད་ཁང་དུ་འབྲི་ཏ་ས་འཛིན་འཐོག་བཞིན་པའི་ཚུལ་རེད།

138059695_15578860127621n.jpg

འདི་ནི་ཟླ5བའི་ཚེས14ཉིན་བཅུ་འཕར་གྲོང་ཚོའི་མང་ཚོགས་ཀྱིས་དྲོད་ཁང་དུ་འབྲི་ཏ་ས་འཛིན་འཐོག་བཞིན་པའི་ཚུལ་རེད།

138059695_15578860128031n.jpg

འདི་ནི་ཟླ5བའི་ཚེས14ཉིན་བཅུ་འཕར་གྲོང་ཚོའི་གྲོང་མི་ཆོས་སྒྲོན་གྱིས་དྲོད་ཁང་དུ་འཐོག་མ་ཐག་པའི་འབྲི་ཏ་ས་འཛིན་སྟོན་བཞིན་པའི་ཚུལ་རེད།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།