ཆབ་མདོ་གྲོང་ཁྱེར་གྱིས“སྡོང་བོ་མེད་པའི་གྲོང་ཚོ”368མེད་པར་བཟོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། ཆབ་མདོ་གྲོང་ཁྱེར་གྱིས་མཚོ་ངོས་ལས་མཐོ་ཚད་སྨི4300མན་གྱི“སྡོང་བོ་མེད་པའི་གྲོང་ཚོ”དང“སྡོང་བོ་མེད་པའི་ཁྱིམ་ཚང”མེད་པར་བཟོ་བའི་བྱ་བ་ནན་གྱིས་སྤེལ་ཏེ་གྲུབ་འབྲས་ཀྱང་མངོན་གསལ་ཐོབ་ཡོད་པ་རེད། 

2018ལོའི་ལོ་མཇུག་བར་དུ། མཚོ་ངོས་ལས་མཐོ་ཚད་སྨི4300མན་གྱི“སྡོང་བོ་མེད་པའི་གྲོང་ཚོ”368དང་། “སྡོང་བོ་མེད་པའི་ཁྱིམ་ཚང”36122མེད་པར་བཟོ་བའི་ལས་འགན་ལེགས་འགྲུབ་བྱུང་སྟེ། “སྡོང་བོ་མེད་པའི་གྲོང་ཚོ”དང“སྡོང་བོ་མེད་པའི་ཁྱིམ་ཚང”མེད་པར་བཟོ་བའི་བྱ་བའི་ཁྲོད་རོང་འབྲོག་མང་ཚོགས་མི་ཁྲི16.9ལྷག་ཞུགས་ཡོད་དེ། བསྡོམས་པས་རིགས་སོ་སོའི་སྡོང་ཕྲུག་རྐང130ལྷག་བཙུགས། 2019ལོའི་རིང་ལ་སྡོང་བོ་མེད་པའི་གྲོང་ཚོ43དང་སྡོང་བོ་མེད་པའི་ཁྱིམ་ཚང4240མེད་པར་བཟོས་བ་དེ་ལ་གྲུབ་འབྲས་མཐོར་འདེགས་གཏོང་བའི་བྱ་བ་སྤེལ་བ་དང་། སྡོང་བོ་འཛུགས་པའི་གཞི་ཁྱོན་མུའུ3200ལྷག་ལ་སླེབས་ཡོད་པས། “སྡོང་བོ་མེད་པའི་གྲོང་ཚོ”དང“སྡོང་བོ་མེད་པའི་ཁྱིམ་ཚང”མེད་པར་བཟོ་བའི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་བཏང་བ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།