ཉིང་ཁྲི་གྲོང་ཁྱེར་གྱིས“སློབ་གྲྭ་དང་ས་གནས་མཉམ་སྐྲུན”བྱས་ནས་གཉིས་ཀར་ཕན་འདོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་རིག་གནས་དང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་གསར་འགྱུར་དཔེ་སྐྲུན་ཅུས་དང་བོད་ལྗོངས་མི་རིགས་སློབ་ཆེན་གསར་འགྱུར་ཁྱབ་སྤེལ་སློབ་གླིང་གིས“སློབ་གྲྭ་དང་ས་གནས་མཉམ་སྐྲུན”གྱི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པའི་མཛད་སྒོ་དང་། བོད་ལྗོངས་མི་རིགས་སློབ་ཆེན་གསར་འགྱུར་ཁྱབ་སྤེལ་སློབ་གླིང་གི་ཆེད་ལས་དངོས་སྦྱོང་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་ཏེ། མཉམ་འདྲེས་སྨྱན་སྦྱོར་གྱི་ཁོར་ཡུག་འོག མཐོ་སློབ་ཆེད་ལས་སློབ་གླིང་ཚན་ཁག་དང་གྲོང་ཁྱེར་དང་ས་གནས་ཀྱི་རིག་གནས་བྱ་གཞག་མཉམ་ལས་འཕེལ་རྒྱས་གཏོང་སྟངས་གསར་པ་བཏོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།