ཉིང་ཁྲིས“རི་བོ་གནམ་ལྕགས་འབར་བ་བུམ་པའི”ལན་ཆིའུ་སྤོ་ལོའི་འགྲན་བསྡུར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་གྱིས“རི་བོ་གནམ་ལྕགས་འབར་བ་བུམ་པ”སྐབས་བཅུ་བཞི་པ་དང“ལས་བཟོའི་བུམ་པ”སྐབས་གསུམ་པའི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་བྱེད་འགོ་ཚུགས་པ་རེད། ད་རེས་ཀྱི་འགྲན་བསྡུར་དེ་དུས་ཡུན་ཉིན10ཡིན་ཞིང་། ཁྱོན་རྫོང(ཆུས)དང་གྲོང་ཁྱེར(ཆུས)ཐད་གཏོགས་ཚན་པའི་འཐུས་མི་རུ་ཁག25དང་ལུས་རྩལ་པ359བཞུགས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། “རི་བོ་གནམ་ལྕགས་འབར་བ་བུམ་པའི”ལན་ཆིའུ་སྤོ་ལོའི་འགྲན་བསྡུར་ནི་ཉིང་ཁྲི་གྲོང་ཁྱེར་གྱི་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་ཞིག་ཡིན་ཞིང། ད་བར་སྐབས་བཅུ་བཞི་གྲུབ་འབྲས་ཐོབ་པའི་ངང་གཉེར་ཟིན་པ་རེད། “ལས་བཟོའི་བུམ་པའི”ལན་ཆིའུ་སྤོ་ལོའི་འགྲན་བསྡུར་དེའང་སྐབས་གསུམ་གཉེར་ཟིན་ཞིང་། ཉིང་ཁྲིའི་ལན་ཆིའུ་སྤོ་ལོར་དགའ་པོ་བྱེད་མཁན་ཚོར་ལས་སྟེགས་གཏོད་པ་དང་རྫོང(ཆུས)ཁག་གི་ལུས་རྩལ་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུར་གོ་སྐབས་བཏོད་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།