ཆབ་མདོས་ཟོག་འགྲེམས་ཁེ་ལས31དང་དུག་འགོག་འགན་འཁྲིའི་ཡི་གེ་བཞག་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། དུག་རྫས་ཀྱི་གནད་དོན་ཁྱབ་འགྱེད་འགྲོ་རྒྱུ་བཀག་འགོག་ནུས་ལྡན་བྱ་ཆེད། ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་ཟོག་འགྲེམས་སྦྲག་སྐུར་ཁེ་ལས31གི་འགན་འཁུར་བ་དང་ཟོག་འགྲེམས་སྦྲག་སྐུར་ལས་རིགས་ཀྱི་དུག་འགོག་འགན་འཁྲིའི་ཡི་གེ་བཞག་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འགན་འཁྲིའི་ཡི་གེ་བཞག་པ་བརྒྱུད། ཟོག་འགྲེམས་སྦྲག་སྐུར་ཁེ་ལས་ཁག་གིས100%གསུམ་གྱི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱ་རྒྱུའི་བླང་བྱ་ནན་པོ་བཏོན་ཏེ་འགན་འཁྲི་དོན་འཁྱོལ་ནན་ཏན་བྱེད་པ་དང་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་མྱུར་སྐྱེལ་བྱེད་ཐབས་བརྒྱུད་དུག་རྫས་སྐྱེལ་འདྲེན་བྱ་རྒྱུ་གཏན་འགོག་བྱས་པ་དེར་ཕྱོགས་ཁག་གི་དུག་ཁུངས་འགོག་པའི་ལས་དོན་འཐུས་སྒོ་ཚང་དུ་ཏན་ཏིག་གཏོང་རྒྱུ་དང་ཟོག་འགྲེམས་སྐྱེལ་འདྲེན་ཐབས་ལམ་གྱི་བདེ་འཇགས་འགོག་ཟོན་གྱང་ནུས་ཤུགས་ཡོད་རྒུས་གཏོད་རྒྱུའི་ངོས་ནས་བརྗོད་ན་ནུས་པ་གལ་ཆེན་ལྡན་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།