བོད་རང་སྐྱོང་ལྗོངས་བརྟག་ཞིབ་ཚོགས་ཆུང་གིས་ལྷ་ས་གྲོང་ཁྱེར་གྱི་མཐའ་འཁོར་བྱེ་འགྱུར་ས་ཆའི་བཅོས་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས25ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་གྱིས་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ་ལྷ་ས་གྲོང་ཁྱེར་གྱི་མཐའ་འཁོར་བྱེ་འགྱུར་ས་ཆའི་བཅོས་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་གོམ་སྟབས་རྗེས་མའི་བྱེ་འགྱུར་ས་ཆའི་བཅོས་སྐྱོང་ལས་དོན་ལ་ཞིབ་ཕྲའི་བསམ་འཆར་ཡང་བཏོན་གནང་བ་རེད།

བརྟག་ཞིབ་ཚོགས་ཆུང་དང་བཅས་པ་སྔ་རྗེས་སུ་གནམ་ཐང་མྱུར་བགྲོད་ཞིབ་བཤེར་ས་ཚིགས་ཀྱི་བྱེ་འགོག་བྱེ་བཅོས་ས་ཚིགས་དང་། སྣེའུ་ཁུལ་གསར་གྱི་བྱེ་འགོག་བྱེ་བཅོས་ས་ཚིགས། ཆུ་ཤུར་རྫོང་གནམ་ཤང་གི་བྱེ་འགོག་བྱེ་བཅོས་ས་ཚིགས། ལྷ་ཆེན་པོའི་ཁ་སྤྲོད་ཀྱི་བྱེ་འགོག་བྱེ་བཅོས་ས་ཚིགས་སོགས་སུ་ཕེབས་ཏེ་ས་ཆ་བྱེ་འགྱུར་ལས་ཁོར་ཡུག་གི་སྤུས་ཚད་དང་ཞིང་འབྲོག་ལས་ཐོན་སྐྱེད་སོགས་ལ་བཟོས་པའི་གནོད་འཚེ་དང་ཤུགས་རྐྱེན་ཤེས་རྟོགས་གནང་བ་རེད། བརྟག་ཞིབ་ཚོགས་ཆུང་གིས་བྱེ་འགྱུར་ས་ཆའི་གཅིག་གྱུར་འཆར་འགོད་ལ་དམིགས་ནས་བཅོས་སྐྱོང་གི་ཇུས་གཞི་ཚན་རིག་དང་མཐུན་པའི་ངང་འཆར་འགོད་བྱེད་དགོས་པ་དང་། རྒྱལ་ཁབ་ས་ཆ་སྔོ་འགྱུར་དང་ས་ཆུ་སྲུང་འཛིན་སོགས་ཀྱི་རྣམ་གྲངས་ལ་སྤྱི་འདོམས་ཀྱིས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་དགོས་པ། འགན་འཁྲི་དོན་འཁྱོལ་དང་རྒྱུན་ཆད་མེད་པར་འབད་འཐབ་ཀྱིས་བྱེ་འགྱུར་ས་ཆའི་མཐའ་འཁོར་མང་ཚོགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ཀྱི་བར་མཐོངས་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་བཏང་ནས། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།