བོད་ལྗོངས་ཀྱིས་དབང་པོ་སྐྱོན་ཅན་གྱི་འཁོར་རིགས་འཇོག་རྒྱུར་རིན་དངུལ་སྤྲོད་མི་དགོས་པ་རིམ་བཞིན་འཐུས་ཚང་དུ་བཏང་།

137890777_15524428288531n.jpg

འདི་ནི་དབང་པོ་སྐྱོན་ཅན་གྱི་ཁ་ལོ་བ་བདེ་གཡང་གིས་རླངས་འཁོར་འཇོག་སའི་དོ་དམ་པ་དང་ཁ་ཏ་བྱེད་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་གྱི་དཀྱིལ་དུ་གནས་པའི་ཚོང་ར་ཞིག་གི་རླངས་འཁོར་འཇོག་སར་དབང་པོ་སྐྱོན་ཅན་པ་བདེ་གཡང་དང་བསྟན་འཛིན་གྱིས་བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཡན་ལག་དབང་པོ་སྐྱོན་ཅན་མཐུན་ཚོགས་ཀྱི་ཚབ་བྱས་ནས་རླངས་འཁོར་འཇོག་སའི་དོ་དམ་པར་བཀའ་དྲིན་མཚོན་བྱེད་ཀྱི་དར་ཁྲ་འབུལ་བཞིན་ཡོད། རླངས་འཁོར་འཇོག་ས་དེ་ནི་བོད་ལྗོངས་ཀྱི་དབང་པོ་སྐྱོན་ཅན་གྱིས་འཁོར་རིགས་འཇོག་པར་རིན་དངུལ་སྤྲོད་མི་དགོས་པའི་རླངས་འཁོར་འཇོག་ས་ཐོག་མ་དེ་རེད། བདེ་གཡང་གིས་མ་འོངས་བར་བོད་ལྗོངས་སུ་དབང་པོ་སྐྱོན་ཅན་གྱིས་འཁོར་རིགས་འཇོག་པར་རིན་དངུལ་སྤྲོད་མི་དགོས་པའི་རླངས་འཁོར་འཇོག་ས་དེ་བས་མང་པོ་ཡོད་པའི་རེ་བ་བཅངས་ཀྱིན་ཡོད། 2017ལོར་བོད་ལྗོངས་སུ་སྐོར་དང་པོའི་དབང་པོ་སྐྱོན་ཅན་གྱི་ཁ་ལོ་བའི་ཡིག་རྒྱུགས་གཏོང་འགོ་ཚུགས་པ་ནས་བཟུང་མིག་སྔར་ཡན་ལག་དབང་པོ་སྐྱོན་ཅན་གྱི་མི32ཀྱིས་ཁ་ལོ་བའི་ལག་ཁྱེར་རིམ་པC5བླངས་ཡོད།

137890777_15524428289311n.jpg

    འདི་ནི་དབང་པོ་སྐྱོན་ཅན་གྱི་ཁ་ལོ་བ་བསྟན་འཛིན་གྱིས་རླངས་འཁོར་འཇོག་སའི་དོ་དམ་པར་བཀའ་དྲིན་མཚོན་བྱེད་ཀྱི་དར་ཁྲ་དང་ཁ་བཏགས་འབུལ་བཞིན་པའི་ཚུལ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།