བོད་ལྗོངས་ཀྱི་ནག་སེལ་གཤེད་གཅོམ་དང་ལོག་སེལ་ཟིང་བཅོས་ཀྱི་ཆེད་དོན་འཐབ་རྩོད་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་།  ལྗོངས་ཡོངས་ཀྱི་ནག་སེལ་གཤེད་གཅོམ་དང་ལོག་སེལ་ཟིང་བཅོས་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་གི་ཆེད་དོན་ཚོགས་འདུ་འཚོགས་པ་དང་།  ཚོགས་འདུའི་ཐོག་བརྡ་ཁྱབ་བཏང་བར་གཞིགས་ན།  ད་བར་ལྗོངས་ཡོངས་ཀྱིས་ནག་ཚོགས་རྩ་འཛུགས་གཉིས་རྩ་མེད་བཏང་བ་དང་གཤེད་ཕྱོགས་ཉེས་གསོག་ཚོགས་པ་བཅུ་བཞི་རྩ་མེད་བཏང་བ།  ནག་གཤེད་དང་འབྲེལ་བའི་རིགས་དགུའི་གྱོད་གཞི80གཉེར་སྒྲུབ་བྱས་པ།  ཁྲིམས་འགལ་རྩ་འཛུགས51ལ་རྡུང་རྡེག་རྩ་མེད་བཏང་བ།  རིམ་ཁག་སྒྲིག་ཨུད་ལྟ་ཨུད་ལ་གནད་དོན་གྱི་ཁུངས་སྣེ32ཡོད་པའི་མི56རྩིས་སྤྲོད་བཅས་བྱས་པས།  ལྗོངས་ཡོངས་ཀྱི་ནག་སེལ་གཤེད་གཅོམ་དང་ལོག་སེལ་ཟིང་བཅོས་ཀྱི་ཆེད་དོན་འཐབ་རྩོད་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། 

ཚོགས་འདུའི་ཐོག་ས་གནས་ཁག་དང་ཚན་པ་ཁག་གིས་མུ་མཐུད་རྡུང་རྡེག་གནད་འཕིགས་བཏང་སྟེ།  ཕྱོགས་བསྡུས་བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ་དང་རོགས་ལས་མཉམ་འཐབ་བྱེད་པ།  འབྱུང་རྩ་ནས་བཅོས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་པ།  བརྟག་དཔྱད་གཏིང་ཟབ་དང་ཞིབ་བཤེར་མཐར་ཕྱིན་བྱེད་རྒྱུར་ཤུགས་སྣོན་རྒྱག་པ།  ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ།  ནག་སེལ་གཤེད་གཅོམ་དང་ལོག་སེལ་ཟིང་བཅོས་ཀྱི་ཆེད་དོན་འཐབ་རྩོད་ལས་ཀར་གྲུབ་འབྲས་ཐོབ་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།