བོད་ལྗོངས་སུ་ནགས་ཚལ་ཁྱབ་ཚད12.14%བར་མཐོ་རུ་ཕྱིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  ཉེ་ལམ་ལོ་ཤས་རིང་བོད་ལྗོངས་ཀྱིས་རང་བྱུང་ནགས་ཚལ་སྲུང་སྐྱོང་དང་ཞིང་དོར་ནགས་བཟོ།  བྱེ་སྐྱོན་འགོག་བཅོས་སོགས་ནགས་ལས་ཀྱི་གཙོ་གནད་ལས་གཞི་ལག་བསྟར་བྱས་པས་ནགས་ཚལ་ཁྱབ་ཚད12.14བར་མཐོ་རུ་ཕྱིན་ཡོད།

རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྐྲུན་ཆེད་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ།  རང་ལྗོངས་ཀྱིས་གཙང་པོ་གཉིས་དང་ཆུ་བོ་བཞི་རྒྱུག་ཁུལ་དུ་ནགས་བཟོ་སྔོ་ལྗང་ཅན་དང་གཙོ་གནད་ཁུལ་ཁོངས་ཀྱི་སྐྱེ་ཁམས་སྤྱི་ཕན་ནགས་ཚལ་འཛུགས་སྐྲུན།  འགོག་སྲུང་ནགས་ཚལ་མ་ལག་འཛུགས་སྐྲུན།  ཞིང་དོར་ནགས་བཟོ།  བྱེ་སྐྱོན་འགོག་བཅོས་སོགས་ལས་གཞི་ལག་བསྟར་བྱས་པ་བརྒྱུད་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་ཚོ558ལེགས་སྒྲུབ་བྱས་པའི་ནང་།  མི་བཟོས་ནགས་ཚལ་མུའུ་ཁྲི་ཚོ260དང་རི་བཀག་ནགས་བཟོ་མུའུ་ཁྲི་ཚོ298ཟིན་ཡོད།

2018ལོར་བོད་ལྗོངས་ཀྱིས་ནགས་བཟོ་སྔོ་ལྗང་ཅན་འཛུགས་སྐྲུན་བྱས་པའི་ནང་ཞིང་འབྲོག་མང་ཚོགས་སྒྲིག་འཛུགས་བྱས་ནས།  ནགས་ལས་ཐོན་ཁུངས་བདག་སྐྱོང་དང་སྐྱེ་ཁམས་འཛུགས་སྐྱོང་ནང་ཞུགས་སུ་བཅུག་སྟེ་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་སྒོར་དུང་ཕྱུར15ཙམ་ཡོང་བ་བྱས་ཡོད།  ཉེ་བའི་ལོ་གཉིས་ཚུན་དུ་བོད་ལྗོངས་ཀྱིས་ཤིང་འཛུགས་ནགས་བཟོའི་ལས་དོན་ཧུར་ཐག་སྤེལ་ཏེ།  ད་བར་ས་བབ་མཐོ་ཚད་སྤྱི་ཁྲེ4300མན་གྱི་ས་ཁུལ་དུ་ཤིང་རིགས་མེད་པའི་གྲོང་ཚོ863དང་དུད་ཚང83200ལྷག་ཙམ་གྱི་ཉེ་འགྲམ་དུ་སྡོང་འཛུགས་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།