གཞིས་རྩེ་གྲོང་ཁྱེར་གྱིས་ལས་ཞུགས་ཀྱི་མི་མངོན་པའི་ནུས་པ་སྔོག་འདོན་གཏིང་ཟབ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། 2018ལོའི་ཚུན་དུ་གཞིས་རྩེ་གྲོང་ཁྱེར་གྱིས་ལས་ཞུགས་ལས་གཏོད་དང་སྤྱི་ཚོགས་འགན་ལེན་སོགས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་བཏང་བས་གྲོང་ཁྱེར་ཡོངས་ཀྱི་ལས་ཞུགས་གཞན་སྒྱུར་གྱི་ལས་དོན་བརྟན་ཐོག་ལེགས་འཕེལ་མངོན་འགྱུར་བྱུང་ཡོད།

དབུལ་སྐྱོར་མ་དངུལ་བེད་སྤྱོད་བྱེད་སྟངས་སྔར་བས་ཚད་ལྡན་དུ་བཏང་ཞིང་། 2018ལོར་གཞིས་རྩེ་གྲོང་ཁྱེར་གྱིས་ཁྱོན་ལས་ཞུགས་ཁ་གསབ་རོགས་དངུལ་སྒོར་ཁྲི2200བཏང་བ་དང་། དབུལ་སྐྱོར་གསོ་སྦྱོང་གི་ཆེད་སྤྱོད་མ་དངུལ་སྒོར་ཁྲི1800བཏང་བ། གྲོང་ཁྱེར་རིམ་པ་དེ་གས་གསོ་སྦྱོང་དཔྱད་ཡིག་ཞིབ་བཤེར་བྱ་རིམ་དང་མ་དངུལ་གཏོང་སྤྲོད་ཀྱི“ཞིབ་བཤེར་གཏན་འབེབས་བཞིའི”ལམ་ལུགས་ནན་པོ་བཙུགས་པ། གྲོང་ཁྱེར་རིམ་པའི་འགོ་ཁྲིད་ཀྱིས་ཐེངས་མང་རུ་སྣེ་ཁྲིད་དེ་རྫོང་དང(ཆུས)ཁག་ཏུ་མ་དངུལ་བེད་སྤྱོད་ཀྱི་གནས་ཚུལ་ལ་ཆེད་དོན་ཞིབ་བཤེར་བྱེད་པར་བསྐྱོད་པ་དང་འབྲེལ་དུས་ཐོག་ཏུ་གནད་དོན་ཚུར་ལེན་ཡང་བྱས་པ། དུས་ཐོག་ཏུ་དག་ཐེར་བླང་བྱ་བཏོན་པ་བཅས་ལ་བརྟེན་ནས་གསོ་སྦྱོང་གི་སྤུས་ཚད་དང་མ་དངུལ་བེད་སྤྱོད་ཀྱི་བདེ་འཇགས་འགན་ལེན་བྱས་ཡོད།

དབུལ་སྒྲོལ་ཕྱུག་འགྱུར་གྱི་གསོ་སྦྱོང་བྱ་ཐབས་སྔར་བས་བརྟན་དུ་བཏང་ཞིང་། གཞིས་རྩེ་གྲོང་ཁྱེར་གྱིས་གསོ་སྦྱོང་བྱེད་སྟངས་གསར་གཏོད་དང་། ངལ་རྩོལ་ནུས་ཤུགས་དབུལ་པོའི་རྩལ་ནུས་གསོ་སྦྱོང་གི་འདོད་འདུན་དང་ལས་ཞུགས་ཀྱི་འདོད་འདུན་ལ་བརྟག་ཞིབ་གང་ལེགས་བྱེད་པ། བཀའ་དྲིན་དྲན་པའི་སློབ་གསོ་སོགས་ལས་རིགས་ལག་རྩལ་གསོ་སྦྱོང་གི་ནང་དོན་ནང་འཇུག་པ་བཅས་བྱས་ནས་ངལ་རྩོལ་ནུས་ཤུགས་དབུལ་པོའི་རྩལ་ནུས་གསོ་སྦྱོང་གི་དམིགས་སའི་རང་བཞིན་སྔར་བས་ཆེ་རུ་བཏང་ཡོད། མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་ཁྱོན་མི་འབོར་དབུལ་པོ5347ལ་ཨར་ལས་ལག་རྩལ་དང་། བདེ་སྲུང་། ལྡུམ་རའི་ལག་རྩལ། འདྲེ་ཚེར་མ་དང་སྔོ་ཚལ་འདེབས་འཛུགས་སོགས་ཀྱི་རྩལ་ནུས་གསོ་སྦྱོང་བྱས་པ་མ་ཟད། ད་དུང་ཚང་མ་ལས་ཀ་བྱེད་པར་འོས་སྦྱོར་ཡང་བྱས་ཡོད།

ལས་ཞུགས་གཞན་སྒྱུར་གྱི་ཐབས་ལམ་སྔར་བས་རྒྱ་ཆེར་བཏང་ཞིང་། ན་ནིང་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ཐོན་ཁུངས་སྟབས་བསྟུན་གྲངས་གཞིའི་མཛོད་བཟོས་པ་དང་འབྲེལ། ངལ་ལས་ཀུང་སི་དང་ངལ་ལས་བར་ཁེ་བར་བརྟེན་ནས་མི་འབོར་དབུལ་པོ8383ལས་ཞུགས་གཞན་སྒྱུར་བྱས་ཡོད། ལོ་གཅིག་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི1.88ལ་ལས་ཞུགས་གཞན་སྒྱུར་བྱེད་རོགས་བྱས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།